《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月16日

རྩོམ་སྒྲིག་པའི་གཏམ།

ཐེངས་འདིའི《རྩོམ་རིག་དགའ་ཚལ》གྱི་པར་ངོས་སུ་བཀོད་པའི་རྩོམ་ཡིག་འདི་དག་ནི་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ་བདུན་པའི་སློབ་མའི་རྩོམ་ཡིག་རེད། ནང་སེམས་ཀྱི་ཚོར་འདུ་ཡི་གེའི་གཟུགས་སུ་ཕབ་པའི་རྩོམ་ཡིག་འདི་དག་ལས་སློབ་མའི་འཚར་ལོངས་བརྒྱུད་རིམ་གྱི་དགའ་སྐྱོ་ཆགས་སྡང་དང་། ལྷད་མེད་དྭངས་གཙང་གི་སེམས་ཁམས་མཚོན་པར་ནུས། དེར་བརྟེན། ཀློག་པ་པོས་སློབ་མའི་ནང་སེམས་ཀྱི་ཚོར་འདུ་རྣལ་མ་དག་རྟོགས་ཕྱིར། རྩོམ་སྒྲིག་པས་གང་ཐུབ་ཅི་ཐུབ་ཀྱིས་སློབ་མའི་སྐད་ཆ་རང་སོར་བཞག་ནས་རྩོམ་སྒྲིག་བྱས་ཡོད།