ལོ་བཅུ་ལྷག་ཙམ་རིང་། ཀྲུང་ཡོའི་དུས་གཏན་མེ་འཁོར་གྱི་ཞབས་ཞུའི་ཁྱབ་ཁོངས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་མེ་འཁོར་གཏོང་གྲངས་ཀྱང་ཇེ་མང་དུ་སོང་སྟེ་རིམ་རྩིས་བྱས་ན་ཁྲི་9ལྷག་ཙམ་ཟིན་ཡོད།
ཉེ་ཆར་འདི་ག་ཚགས་པར་གྱི་གསར་འགོད་པས་ཧྲའན་ཤིས་ཤིས་ཨན་དང་ཤིན་ཅང་ཝུའུ་ལུའུ་མུའུ་ཆི་དང་ཧོར་གོ་སི་སོགས་སུ“ངར་ལྕགས་རྔ་མོང་རུ་ཁག”དེའི་རྒྱབ་ཕྱོགས་ཀྱི་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་མཁན་ངལ་རྩོལ་པ་མང་པོ་ཞིག་མཐོང་བྱུང་།
མེ་འཁོར་བབས་ཚུགས་ཀྱི་ལས་སྒྲུབ་ཁང་དུ་མེ་འཁོར་ཞིབ་བཤེར་མཁན་གྱིས་ལག་ཏུ་ཐོ་བ་བཟུང་ནས་འཁོར་སྒྲོམ་གྱི་འགག་རྩའི་ལྷུ་ཚིགས་ཚང་མར་རྡུང་བཞིན་ཞིབ་བཤེར་བྱེད་ཀྱི་ཡོད། གྲང་ངར་ཆེ་བའི་གནམ་གཤིས་སམ་ཡང་ན་ཚ་གདུག་ཆེ་བའི་གནམ་གཤིས་གང་ཞིག་བསྟན་རུང་ཁོང་ཚོས་མེ་འཁོར་འོག་དང་འཁོར་སྒྲོམ་སོགས་ཕྱོགས་ཚང་མར་ལྷོད་གཡེང་སྤུ་ཙམ་མི་གཏོང་བར་ཞིབ་བཤེར་ཚགས་ཚུད་པོ་བྱས་ནས་མེ་འཁོར་ཚང་མ་བདེ་འཇགས་ངང་ཤར་གཏོང་ཐུབ་པའི་འགན་ལེན་བྱེད་བཞིན་ཡོད།
← འདི་ནི་ཤིས་ཨན་རྒྱལ་སྤྱིའི་གྲུ་ཁའི་བབས་ཚུགས་ཀྱི་མེ་འཁོར་གྱི་ཁ་ལོ་བས་མེ་འཁོར་བཀོད་གཏོང་བྱེད་བཞིན་པ།
→ འདི་ནི་ཧོར་གོ་སི་མེ་འཁོར་བབས་ཚུགས་ཀྱི་ཉེ་འགྲམ་དུ་ལས་དོན་པས་ལྕགས་ལམ་གྱི་གློག་ཤུགས་མ་ལག་ལ་ཞིབ་བཤེར་ཉམས་བཟོ་བྱེད་བཞིན་པ།