འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་13ཉིན་གནས་ཚུལ་འབྱོར་གསལ། ཟླ་6ཚེས་13ཉིན་གསར་འགོད་པར་ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ཟླ་6ཚེས་22ནས་26ཉིན་བར་ལྷ་ས་གྲོང་ཁྱེར་གྱི་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་སུ་ལྷ་སའི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་གཉེར་རྒྱུ་ཡིན་པ་དང་། རྩལ་འགྲན་རྣམ་གྲངས་དང་། མི་རིགས་ཀྱི་སྲོལ་རྒྱུན་དང་སྤྲོ་འཕེལ་ལུས་རྩལ་རྣམ་གྲངས་རིགས་ཆེན་པོ་གཉིས་དང་འགྲན་བསྡུར་རྣམ་གྲངས་19བཀོད་སྒྲིག་བྱས་ཡོད་ཅིང་། གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)ཁག་དང་ནུས་པའི་གླིང་ཁུལ་ནས་ཡོང་བའི་འཐུས་མི་རུ་ཁག་11གི་ལུས་རྩལ་པ་500ལྷག་ཙམ་འགྲན་བསྡུར་ལ་ཞུགས་རྒྱུ་ཡིན་པ་རེད། མིག་སྔར་ལུས་རྩལ་འགྲན་ཚོགས་ཀྱི་སྒྲིག་འཛུགས་དང་གྲ་སྒྲིག་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།
(བསོད་བདེ་ཆེ་བ་དང་མཚམས་གཅོད་ཀྱིས་སྒྱུར་ཞུས་བྱས)