《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月14日

ལྷ་མོའི་འཁྲབ་སྟོན་དང་མངོན་མིན་རིག་གནས་ཤུལ་བཞག་གི་ཚོང་འདུས་ལ་ལྟ་བ།

ཟླ་6ཚེས་9ཉིན། ལྷ་ས་གྲོང་ཁྱེར་རིག་གནས་ཅུས་ཀྱིས་གཙོ་གཉེར་བྱས་པའི་2024ལོའི“ལྷ་མོའི་འཁྲབ་སྟོན་དུས་ཚིགས”ཀྱི་བྱེད་སྒོ་རྫོང་རྒྱབ་ཀླུ་ཁང་དུ་འགོ་ཚུགས་པ་རེད། བྱེད་སྒོ་སྤེལ་ཡུན་ཉིན་5ཡིན་པ་དང་ལྷ་ས་གྲོང་ཁྱེར་གྱི་རྫོང(ཆུས)ཁག་གི་དམངས་ཁྲོད་ལྷ་མོ་ཚོགས་པ་5ཡིས《སྣང་ས་འོད་འབུམ》དང《འགྲོ་བ་བཟང་མོ》སོགས་ཀྱི་སྲོལ་རྒྱུན་གྱི་ལྷ་མོའི་འཁྲབ་སྟོན་རྩེ་གྲ་བྱས་ཡོད། གཞན་ཡང་བྱེད་སྒོ་སྤེལ་ཡུལ་དུ་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་རྫས་ཉོ་བའི་སྤུས་ལེགས་ལས་སྟེགས-ལྷ་སའི་མངོན་མིན་རིག་གནས་ཤུལ་བཞག་གི་དངོས་ཟོག་ཚོང་འདུས་བཙུགས་ཏེ། སྤོས་དང་། རྫ་དཀར། ཡིག་གཟུགས། ཞོ། རྟ་ཆས། རྩམ་པ། རྒྱན་གོས་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་དངོས་པོ་འགྲེམས་ཚོང་བྱས་ཡོད།

པར་གོང་མ་ནི“ལྷ་མོའི་འཁྲབ་སྟོན་དུས་ཚིགས”ཀྱི་བྱེད་སྒོ་སྤེལ་ཡུལ་ཡིན་པ།

པར་འོག་མ་ནི་ལྷ་སའི་མངོན་མིན་རིག་གནས་ཤུལ་བཞག་གི་དངོས་ཟོག་ཚོང་འདུས་ཀྱི་ཟུར་ཞིག་ཡིན་པ།