《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月13日

ཨུ་རུ་སུའི་གཙོ་རྒྱུན་སྨྱན་སྦྱོར་གྱི་གསར་འགོད་པའི་ཚོགས་པ་བོད་དུ་ལྟ་སྐོར་བཅར་འདྲིར་སླེབས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་11ཉིན་ཕྱོགས་བསྡུས་གནས་ཚུལ་འབྱོར་གསལ། ཟླ་6ཚེས་5ཉིན་ནས་ཚེས་9ཉིན་བར། 《མོ་སི་ཁོའི་གུང་གཞོན་ཚོགས་པའི་ཚགས་པར》དང་། 《ཨུ་རུ་སུའི་ཚགས་པར》 ཨུ་རུ་སུ་ཤིན་ཧྭ་གསར་འགྱུར་ཁང་། ཨུ་རུ་སུ་སྲུང་སྐར་འཕྲིན་གཏོང་ཁང་སོགས་ཨུ་རུ་སུའི་གཙོ་རྒྱུན་སྨྱན་སྦྱོར་11ལས་གྲུབ་པའི་གསར་འགོད་པའི་ཚོགས་པས་ཉིང་ཁྲི་དང་། ལྷ་ས། ལྷོ་ཁ་བཅས་སུ་ལྟ་སྐོར་བཅར་འདྲི་བྱས་པ་དང་། ཉིང་ཁྲིའི་སྨན་གླིང་གྲོང་ཁྱེར་ཤེལ་དཀར་གྲོང་ཚོ་དང་། ལྷ་སའི་ཉིང་སོན་ཚན་རྩལ་གཞི་གྲངས་ལྟེ་གནས། རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་གསོ་བཅོལ་ཞབས་ཞུ་ལྟེ་གནས། ཧྲང་ཐའོ་ཐབ་ཆས་སོགས་ཐོན་སྐྱེད་དང་འཚོ་བའི་འཐབ་ས་དང་པོར་བསྐྱོད་དེ་ས་གནས་ས་ཐོག་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། སྲོལ་རྒྱུན་རིག་གནས་གསར་གཏོད་འཕེལ་རྒྱས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་སོགས་ཀྱི་གྲུབ་འབྲས་ལ་མྱོང་ཚོར་བྱས་པ་རེད།

དགའ་སྤྲོ་འཁོལ་བའི་ཀོང་པོའི་ཞབས་བྲོའི་ཁྲོད་གསར་འགོད་པའི་ཚོགས་པ་དང་བཅས་པ་ཉིང་ཁྲི་གྲོང་ཁྱེར་སློབ་ཆུང་དང་པོར་བསྐྱོད་དེ་བོད་ཡིག་སློབ་ཁང་ནས་ལྷང་ལྷང་དུ་གྲགས་པའི་ཕྲུ་གུ་ཚོའི་དཔེ་ཀློག་གི་སྒྲ་ནན་ཏན་གྱིས་ཉན་པ་དང་། བོད་ཡིག་ཡིག་གཟུགས་ལ་མྱོང་རོལ་བྱས་པ། ལུས་རྩལ་ཐང་དུ་ཕྲུ་གུ་ཚོའི་དྲག་རྩལ་གྱི་རྨང་གཞིའི་རྩལ་ནུས་ཕུབ་དང་གྲི་རྩལ་དང་མདའ་འཕེན་བཅས་སྲོལ་རྒྱུན་གྱི་དམངས་སྲོལ་བྱེད་སྒོར་བལྟས་པ། སྒྱུ་རྩལ་འགྲེམས་སྟོན་ཁང་དུ་སྒྲ་སྙན་དཀྲོལ་གཏོང་ལ་མྱོང་རོལ་སོགས་བྱས་པ་རེད།

ཨུ་རུ་སུའི་སྲུང་སྐར་འཕྲིན་གཏོང་ཁང་རྒྱ་ཡིག་ཆ་འཕྲིན་ཆེད་སྤྱོད་རྩོམ་སྒྲིག་པུའི་ཀྲུའུ་རེན་ཧྥུའུ་ལཱ་ཅི་སྨིར·ཕ་ཕུའུ་ལུའོ་ཕུའུ་ཡིས། “ད་རེས་ང་ཉིང་ཁྲིར་ཡོང་ཐེངས་དང་པོ་ཡིན། གྲོང་ཁྱེར་འདི་ཧ་ཅང་མཛེས་པོ་འདུག་ལ་ང་རང་ཡང་ཧ་ཅང་དགའ་པོ་ཡོད། ཨུ་རུ་སུ་བ་དེ་བས་མང་བ་འདི་གར་ཡུལ་སྐོར་ལ་ཡོང་བའི་རེ་བ་ཡོད”ཅེས་བརྗོད།

ཟླ་6པའི་བོད་ལྗོངས། མིག་གིས་མཐོང་བའི་ས་གཞི་ཚང་མ་མཛེས་ལྗོངས་ཡིན། ཨུ་རུ་སུ་ཐ་སི་གསར་འགྱུར་ཁང་རྒྱལ་སྤྱིའི་ཆ་འཕྲིན་པུའི་ལག་བསྟར་རྩོམ་སྒྲིག་པ་ཧྥུ་སྨི་ནཱ་ཡིས། “ད་རེས་ང་ཀྲུང་གོར་ཡོང་ཐེངས་དང་པོ་ཡིན། བོད་ཀྱི་རང་བྱུང་ཡུལ་ལྗོངས་དང་ལྷག་པར་དུ་རི་ལྗོངས་ལ་བག་ཆགས་ཟབ་མོ་བྱུང”ཞེས་བརྗོད།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)

ཉེ་བའི་ལོ་ཤས་རིང་། བོད་ཀྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་ལ་གཞི་ཁྱོན་རགས་ཙམ་ཆགས་ནས་གྲོང་གསེབ་དར་རྒྱས་གཏོང་བའི་འདེགས་སྐྱོར་གལ་ཆེན་ཞིག་ཏུ་གྱུར་ཡོད། ལྷོ་ཁ་གྲོང་ཁྱེར་གྱི་ཐེར་མའི་མི་རིགས་ལག་ཤེས་བསླས་འཐག་མཉམ་ལས་ཁང་ནི་ཆེད་མངགས“རྩེད་ཐེར”བསླས་འཐག་ཐོན་རྫས་ཐོན་སྐྱེད་བྱེད་མཁན་གྱི་མཉམ་ལས་ཁང་ཞིག་ཡིན་ཞིང་། ཐད་ཀར་རམ་ཡང་ན་གཞན་བརྒྱུད་ཀྱིས་མཐའ་འཁོར་གྱི་མང་ཚོགས་500ལྷག་ཙམ་ཐག་ཉེ་སར་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ཡོད། ས་གནས་ས་ཐོག་ཏུ་ཨུ་རུ་སུའི་གཙོ་རྒྱུན་སྨྱན་སྦྱོར་གྱི་གསར་འགོད་པའི་ཚོགས་པས“རྩེད་ཐེར”འཐག་པའི་བརྒྱུད་རིམ་ཁྲོད་ཀྱི་བལ་ཤད་པ་དང་། སྤུན་འཁེལ་བ། གྲུ་གུ་སྒྲིལ་བ་སོགས་ཀྱི་ལས་རིམ་ལ་ལྟ་སྦྱོང་བྱས་པ་དང་འབྲེལ་ཉམས་ལེན་ཡང་བྱས་ནས། མཉམ་ལས་ཁང་ལ་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་དང་མི་རིགས་ལག་ཤེས་བཟོ་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་གཉིས་ཁེ་བྱུང་བར་བསྔགས་བརྗོད་བྱས་པ་རེད།

ཨུ་རུ་སུ་རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་ཀུང་སིའི་གསར་འགོད་པ་ཧྥུའུ་ཏུའོ་ཝུན་གྱིས་ཨུ་རུ་སུར་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་བྱེད་པར་དཀའ་ངལ་མང་པོ་འཕྲད་ཡོད། འོན་ཀྱང་ཀྲུང་གོར་གནའ་བོའི་ལག་རྩལ་དེ་འདྲ་སྲུང་སྐྱོང་ཡག་པོ་ཐུབ་པ་མ་ཟད། དེ་བས་གལ་འགངས་ཆེ་བ་ཞིག་ནི་ལག་རྩལ་གསར་གཏོད་དང་འཕེལ་རྒྱས་ཕྱིན་ནས་དེ་གར་ལས་ཀ་བྱེད་མཁན་རྣམས་ལ་འབབ་འཕར་བྱུང་བ་མཐོང་བྱུང་། དེའི་ཐད་བོད་ལ་གྲུབ་འབྲས་ཆེན་པོ་ཐོབ་འདུག་ཅེས་བརྗོད།

(ཉི་དོན་གྱིས་བསྒྱུར། གནམ་ཕྱུག་རྒྱལ་གྱིས་ཞུས)