《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月13日

ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཚོཌ་འདུ་ཐེངས་ལྔ་པ་གཙོ་སྐྱོང་གནང་བ།

ལི་ཆང་དང་། ཝང་ཧུའུ་ཉིང་། ཚའེ་ཆི་བཅས་ཚོགས་འདུར་ཞུགས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཟླ་6ཚེས་11ཉིན་གྱི་ཕྱི་དྲོར་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པ་གཙོ་སྐྱོང་གནང་ནས《ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཁེ་ལས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》དང་། 《འབྲུ་འདེབས་ཞིང་པའི་ཡོང་འབབ་འགན་ལེན་ལམ་སྲོལ་དང་འབྲུ་རིགས་ཐོན་ཁུལ་གཙོ་བོའི་ཁེ་ཕན་ཁ་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》 《གོ་ལ་ཧྲིལ་པོའི་འགྲན་རྩོད་ནུས་པ་ལྡན་པའི་ཚན་རྩལ་གསར་གཏོད་དང་སྒོ་དབྱེའི་ཁོར་ཡུག་བསྐྲུན་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》སོགས་ཡིག་ཆར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།

ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ནན་བཤད་གནང་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཁེ་ལས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བར། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་ལ་དམིགས་པ་དང་། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ཀུང་སིའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ། ཁེ་ལས་ཀྱིས་རྒྱུ་ནོར་བདག་དབང་ཁ་གསལ་དང་། དབང་ཆ་དང་འགན་འཁྲི་ཁ་གསལ། སྲིད་ཁེ་ལོགས་དབྱེ། དོ་དམ་ཚན་རིག་དང་མཐུན་པ་བཅས་ཀྱི་དེང་རབས་ཁེ་ལས་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་འཛམ་གླིང་གི་ཁེ་ལས་རྩེ་གྲ་དེ་བས་མང་བ་སྐྱེད་སྲིང་བྱེད་དགོས། འབྲུ་རིགས་ཐོན་སྐྱེད་བརྟན་པོ་དང་འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་པར་ངེས་པར་དུ་ཞིང་པའི་འབྲུ་འདེབས་དང་ས་གནས་ཀྱིས་འབྲུ་རིགས་ལ་དམ་འཛིན་བྱེད་པའི་ཧུར་བརྩོན་རང་བཞིན་སྲུང་སྐྱོང་དང་སྐུལ་སློང་བྱེད་པ་དང་། འབྲུ་འདེབས་ཞིང་པའི་ཡོང་འབབ་འགན་ལེན་ལམ་སྲོལ་དང་འབྲུ་རིགས་ཐོན་ཁུལ་གཙོ་བོའི་ཁེ་ཕན་ཁ་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྲིད་ཇུས་ཀྱི་གནད་སྨིན་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་བ་བཅས་བྱས་ནས་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། སྒོ་དབྱེར་བརྟེན་ནས་གསར་གཏོད་ལ་སྐུལ་འདེད་གཏོང་བ་མཐའ་འཁྱོངས་དང་། ཚན་རྩལ་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གོ་ལ་ཧྲིལ་པོར་ཕྱོགས་པའི་གསར་གཏོད་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། རང་འགུལ་ངང་གོ་ལ་ཧྲིལ་པོའི་གསར་གཏོད་དྲ་རྒྱ་དང་མཉམ་འདྲེས་བྱེད་པ། ཁྱབ་ཁོངས་གཙོ་བོ་དང་འགག་རྩའི་ལྷུ་ཚིགས་འབུར་དུ་ཐོན་པ། སྒོ་དབྱེ་གསར་གཏོད་ལམ་ལུགས་ཀྱི་ཞན་ཆ་སེལ་བ་བཅས་བྱེད་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཆང་དང་། ཝང་ཧུའུ་ཉིང་། ཚའེ་ཆི་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

ཚོགས་འདུའི་ཐོག་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཁེ་ལས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བར་ཁེ་ལས་ཀྱི་གཉེར་སྐྱོང་བྱེད་པོའི་གནས་བབ་ལ་བརྩི་འཇོག་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། ཁེ་ལས་ཀྱི་གཞི་ཁྱོན་དང་། འཕེལ་རྒྱས་ཀྱི་དུས་མཚམས། དབང་བའི་ལམ་ལུགས་ཀྱི་ངོ་བོ་སོགས་ལ་གཞིགས་པ་བཅས་བྱས་ནས་རིགས་དབྱེ་ཇུས་བསྟར་དང་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་དགོས། ཏང་གིས་གཞུང་ཁོངས་ཁེ་ལས་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཏང་གིས་གཞུང་ཁོངས་ཁེ་ལས་ལ་འགོ་ཁྲིད་བྱེད་པའི་ལམ་ལུགས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)

གཞུང་ཁོངས་ཁེ་ལས་ཀྱིས་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པར་སྐུལ་འདེད་གཏོང་བ། གཞུང་ཁོངས་ཁེ་ལས་ཀྱི་དེང་རབས་ཀུང་སིའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་གཞུང་ཁོངས་མ་རྩར་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་དགོས། ཆ་རྐྱེན་འཛོམས་པའི་དམངས་གཉེར་ཁེ་ལས་ཀྱིས་དེང་རབས་ཁེ་ལས་ལམ་ལུགས་འཛུགས་པར་སྐུལ་ལྕག་གཏོང་བ་དང་། ཁྲིམས་མིའི་བཅོས་སྐྱོང་གྲུབ་ཆ་འཐུས་སྒོ་ཚང་དུ་གཏོང་བ། རྐང་བདག་གི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། ནང་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། ཉེན་ཁ་སྔོན་འགོག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་འདོན་པར་མཐོང་ཆེན་བཅས་བྱས་ནས་ནང་ཁུལ་གྱི་དོ་དམ་ཆུ་ཚད་མཐོ་རུ་གཏོང་དགོས།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། འབྲུ་འདེབས་ཞིང་པའི་ཡོང་འབབ་འགན་ལེན་ལམ་སྲོལ་དང་འབྲུ་རིགས་ཐོན་ཁུལ་གཙོ་བོའི་ཁེ་ཕན་ཁ་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བར་ཞིང་ལས་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཆེ་རུ་གཏོང་རྒྱུ་དེ་དེ་བས་མངོན་གསལ་དོད་པའི་གནས་བབ་ཏུ་འཇོག་པ་དང་། རིན་གོང་དང་། ཁ་གསབ། འགན་བཅོལ་སོགས་ཀྱི་སྲིད་ཇུས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། འབྲུ་རིགས་གཉེར་སྐྱོང་ཕན་འཕར་བྱེད་ཐབས་གསར་གཏོད་བྱེད་པ། འབྲུ་རིགས་ཐོན་ཁུལ་གཙོ་བོའི་བྱ་དགའ་ཁ་གསབ་དང་སྐུལ་ལྕག་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ཐོན་ཚོང་ཁུལ་གྱི་ཐབས་ལམ་མང་བའི་ཁེ་ཕན་ཁ་གསབ་བྱེད་ཐབས་འཚོལ་ཞིབ་བཅས་བྱས་ནས་འབྲུ་རིགས་ཐོན་སྐྱེད་ལ་རྒྱབ་སྐྱོར་དང་སྲུང་སྐྱོང་བྱེད་པའི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། ཞིང་ཆེན་དབར་ཁེ་ཕན་དང་ཁ་གསབ་ལམ་སྲོལ་འཛུགས་པའི་ཐད་ངོ་བོའི་རང་བཞིན་གྱི་གོམ་སྟབས་སྤོས་ནས་འབྲུ་རིགས་ཐོན་ཁུལ་གཙོ་བོ་དང་། བྲིན་ཚོང་ཁུལ་གཙོ་བོ། ཐོན་ཚོང་དོ་སྙོམས་ཁུལ་བཅས་ཀྱིས་འབྲུ་རིགས་བདེ་འཇགས་འགན་ལེན་གྱི་ཐུན་མོང་གི་འགན་འཁྲི་དོན་འཁྱོལ་ཡག་པོ་བྱེད་པར་སྐུལ་འདེད་གཏོང་དགོས། ཞིང་དུད་ཆུང་གྲས་དང་ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པར་སྤྱི་འདོམས་རྒྱབ་སྐྱོར་བྱེད་པ་དང་། སྲིད་ཇུས་ཀྱི་རོགས་སྐྱོར་དང་། ཞབས་ཞུའི་ཁྲིད་སྟོན། ཁེ་ཕན་འབྲེལ་མཐུད་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་ཞིང་དུད་ཆུང་གྲས་དང་དེང་རབས་ཅན་གྱི་ཞིང་ལས་འཕེལ་རྒྱས་འབྲེལ་མཐུད་ནུས་ལྡན་ཡོང་བར་སྐུལ་འདེད་གཏོང་དགོས།

ཚོགས་འདུའི་ཐོག་བསྟན་དོན། གོ་ལ་ཧྲིལ་པོའི་འགྲན་རྩོད་ནུས་པ་ལྡན་པའི་ཚན་རྩལ་གསར་གཏོད་དང་སྒོ་དབྱེའི་ཁོར་ཡུག་སྐྲུན་པར“ཕྱིར་སྐྱོད་པ”དང“ནང་དུ་གདན་དྲངས་རྒྱུ”ཟུང་འབྲེལ་མཐའ་འཁྱོངས་བྱེད་པ་དང་། རྒྱལ་སྤྱིའི་ཚན་རྩལ་སྤེལ་རེས་མཉམ་ལས་རྒྱ་ཆེར་གཏོང་བ། མཉམ་ལས་གཉིས་ཕན་གྱི་རོགས་ཟླའི་འབྲེལ་བ་ཧུར་ཐག་འཛུགས་པ་བཅས་བྱས་ནས་གོ་ལ་ཧྲིལ་པོའི་ཚན་རྩལ་བཅོས་སྐྱོང་གི་འབྱུང་འགྱུར་གྱི་འཆར་འགོད་དང་དེའི་ནང་གཏིང་ཟབ་ཞུགས་དགོས། རྒྱལ་སྤྱི་ཅན་གྱི་ཚན་ཞིབ་ཁོར་ཡུག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཚན་ཞིབ་མི་སྣའི་དོ་ཁུར་དངོས་ལ་དམིགས་པ། མངོན་གསལ་དོད་པའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བཅས་བྱས་ནས་ཤེས་ལྡན་པ་གདན་ཞུ་དང་། སེམས་གནས་ཐུབ་པ། ཡག་པོ་སྤྱོད་ཐུབ་པ་བཅས་བྱེད་དགོས། ཚན་རྩལ་བདེ་འཇགས་ལམ་ལུགས་དང་ཉེན་ཁ་འགོག་ཟོན་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས་སྒོ་དབྱེའི་ཁོར་ཡུག་ཁྲོད་བདེ་འཇགས་ཀྱི་མཐའ་ཚད་བརྟན་དུ་གཏོང་དགོས།

ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཚོགས་འདུར་ཞུགས་ཡོད་པ་དང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་གནང་བ་རེད།

(ཚེ་ཁོས་བསྒྱུར། པ་སངས་དང་ཚེ་ཁོས་ཞུས)