དབྱར་ཐོག་མར། ཧེ་ལུང་ཅང་ཞིང་ཆེན་ནུབ་རྒྱུད་ཀྱི་ཧེ་ལུང་ཅང་ཀྲ་ལུང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་རྩི་ཤིང་མང་པོས་ཁེངས་པ་དང་འདབ་ཆགས་ཅི་དགར་རོལ་བས་ཉམས་དགའ་བ་ཞིག་ཡོད། ཀྲ་ལུང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་འདམ་རྩྭ་དང་ན་ཐང་གཙོ་བོ་ཡིན་པའི་སྐམ་སའི་འདམ་ར་དང་ཆུ་རྒྱུད་སྐྱེ་ཁམས་མ་ལག་རིགས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་ཞིག་ཡིན་ལ་གནས་དེར་བྱ་རིགས་260ལྷག་ཙམ་ཡོད། ལོ་མང་རིང་བདག་གཉེར་དང་འཛུགས་སྐྱོང་བྱས་པར་བརྟེན། ད་ཆ་ཀྲ་ལུང་རང་བྱུང་སྲུང་སྐྱོང་ཁུལ་དེ་གོ་ལ་ཧྲིལ་པོའི་རྒྱལ་སྤྱིའི་འདམ་ར་གལ་ཆེན་16ནང་སྲུང་སྐྱོང་བདེ་བླག་བྱུང་བའི་དཔེ་མཚོན་གྱི་གྲས་རེད།
འདི་ནི་ཧེ་ལུང་ཅང་གི་ཀྲ་ལུང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཁྲུང་ཁྲུང་ཁྱུ་གཅིག་འཕུར་བཞིན་པ།