《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月11日

བྱེ་ཐང་གི་མུ་ཏིག ཆུ་སྐྱར་གྱི་དགའ་ཚལ།

􀲔 མིག་སྔར། ཧྲའན་ཤིས་ཧྲེན་མུའུ་གྲོང་ཁྱེར་དུ་ཡོད་པའི་རྒྱལ་ཡོངས་ཀྱི་བྱེ་ཐང་ཚྭ་མེད་མཚེའུ་ཆེ་ཤོས—ཧུང་ཅན་ནའོ་མཚེའུ་ཡི་མཐའ་འཁོར་གྱི་ཆུ་སྐྱར་5000ཙམ་སྒོ་ང་རུམ་ནས་ཕྲུ་གུ་གསོ་བའི་དུས་སུ་སླེབས་ཤིང་། ཉེ་བའི་ལོ་ཤས་རིང་། ཚན་རིག་དང་མཐུན་པའི་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཚེའུའི་ནང་ཆུ་མང་དུ་འདྲེན་པ། སྐྱེ་ཁམས་སླར་གསོར་སྐུལ་འདེད་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་ཧུང་ཅན་ནའོ་མཚེའུར་སླར་ཡང་སྐྱེ་སྟོབས་ཀྱི་དཔལ་འབར་ནས། རྒྱལ་ཁབ་རིམ་པ་དང་པོའི་རི་སྐྱེས་སྲུང་སྐྱོང་སྲོག་ཆགས་སྐྱར་མོ་འབབ་སྡོད་བྱ་ཡུལ་དང་རྒྱུད་འཕེལ་བྱ་ཡུལ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད། འདི་ནི་ཧུང་ཅན་ནའོ་མཚེའུ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མཚོ་སྙིང་གླིང་ཕྲན་དུ་ཆུ་སྐྱར་མང་པོ་འཕུར་ལྡིང་བྱེད་བཞིན་པ།