འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་9ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། ཀོང་ཤིས་དང་། ཁྲུང་ཆིང་། སི་ཁྲོན། ཀུའེ་ཀྲོའུ། ཡུན་ནན། བོད་ལྗོངས་བཅས་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)དྲུག་གི་སྲིད་གཞུང་གཞུང་ལས་ཐིང་དང་། སྲིད་དོན་ཞབས་ཞུའི་སྣེ་ཁྲིད་སྡེ་ཚན། རིག་གནས་ཡུལ་སྐོར་སྡེ་ཚན་བཅས་ལྷ་སར་འཛོམས་ནས་ལྷོ་ནུབ་ས་ཁུལ་གྱི་སྲིད་དོན་ཞབས་ཞུའི“ལས་ཆོད་ཆེན་པོས་བྱ་བ་རེ་སྒྲུབ་པའི”སྤེལ་རེས་མཉམ་སྐྲུན་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་རིང་ལྷོ་ནུབ་ས་ཁུལ་གྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)དྲུག་གི་སྲིད་དོན་ཞབས་ཞུའི“ལས་ཆོད་ཆེན་པོས་བྱ་བ་རེ་སྒྲུབ་པར”སྐུལ་འདེད་ཧུར་ཐག་བཏང་ནས། ལྷོ་ནུབ་ས་ཁུལ་གྱི་ཐེམ་ཐོ་ཡིན་པའི་གྲོང་མི་ཕན་ཚུན་ཞིང་ཆེན་ལས་བརྒལ་ནས་འགྲོ་སྐྱོད་དང་ཡུལ་སྐོར་བྱེད་པར་དེ་བས་སྟབས་བདེ་དང་གཟིགས་སྐྱོང་ཡོང་བར་སྐུལ་འདེད་གཏོང་རྒྱུ་དང་། ཡུལ་སྐོར་ཐོན་ཁུངས་ཕན་ཚུན་སྐུལ་འདེད་དང་མཉམ་སྤྱོད་བྱེད་རྒྱུ། མཉམ་ལས་གཉིས་ཁེ་ཡོང་བར་བྱེད་རྒྱུ་སོགས་ལ་བཞུགས་མོལ་བྱས་པ་དང་། སྲིད་དོན་ཞབས་ཞུ་དང་རིག་གནས་ཡུལ་སྐོར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། མི་རིགས་དབར་གྱི་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་གསུམ་ལ་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་བཅས་ལ་བརྟག་ཞིབ་རབ་དང་རིམ་པ་བྱས་པ། ས་ཁོངས་ཀྱི་མཐུན་སྦྱོར་ལམ་སྲོལ་འཚོལ་ཞིབ་བྱས་ནས་འཛུགས་རྒྱུའི་ཐད་གྲོས་བསྡུར་བཅས་བྱས་པ་རེད།