→ ཤིན་ཅང་ཧོ་ཐན་ས་ཁུལ་གཡོད་ཐེ་ཀན་གནའ་བོའི་གྲོང་ཁྱེར་མཛེས་ལྗོངས་ཁུལ་གྱི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་7ཙམ་ཡོད་པ་དེ་ནི་ས་གནས་དེ་གའི་རིག་གནས་ཡུལ་སྐོར་གྱི་རྣམ་གྲངས་གལ་ཆེན་ཞིག་རེད། གཡོད་ཐེ་ཀན་གནའ་བོའི་གྲོང་ཁྱེར་མཛེས་ལྗོངས་ཁུལ་གྱིས“རིག་གནས་ཡུལ་སྐོར་དང་། འཁྲབ་སྟོན། ཚན་རྩལ་བཅས་ཟུང་དུ་འབྲེལ་བའི”བསམ་ཕྱོགས་ལ་བརྟེན་ནས། གླུ་གར་འཁྲབ་སྟོན་དང་ཞིམ་ཟས་མྱོང་རོལ་སོགས་ཀྱི་རྣམ་པ་བཀོད་སྒྲིག་དང་། གནའ་བོའི་དར་གོས་ལམ་བུའི་འདུ་འཛི་ཆེ་བའི་རྣམ་པ་སླར་ཡང་མངོན་པ། དུས་རབས་གསར་པའི་ཧོ་ཐན་གྱི་མཛེས་སྡུག་ལྡན་པའི་འཚོ་བ་མངོན་པ་བཅས་བྱས་པས་ཧོ་ཐེན་གྱི་ཡུལ་སྐོར་བྱ་ཡུལ་རྩེ་གྲ་ཞིག་ཏུ་གྱུར་ཡོད། འདི་ནི་ཤིན་ཅང་ཧོ་ཐན་ས་ཁུལ་གཡོད་ཐེ་ཀན་གནའ་བོའི་གྲོང་ཁྱེར་མཛེས་ལྗོངས་ཁུལ་ནས་པར་བླངས་པའི་འཁྲབ་སྟོན་བྱ་ཡུལ་ཡིན་པ།