ད་ལོ་རྒྱལ་ཡོངས་ཀྱི་དགུན་གྲོའི་རྒྱ་ཁྱོན་མུའུ་དུང་ཕྱུར་3.39ཙམ་ཟིན་པ་དང་རྨ་ཆུ་དང་ཧོའེ་ཧོ་གཙང་པོ་འབབ་རྒྱུད་ཞིང་ཆེན་8ཀྱི་དགུན་གྲོའི་རྒྱ་ཁྱོན་མུའུ་དུང་ཕྱུར་2.96ཙམ་ཟིན་པ་དེས་བསྡུར་ཚད་87%ལས་བརྒལ་བ་དེ་ནི་འཕྲུལ་ཆས་སྤྱད་ནས་དབྱར་འབྲུ་བསྡུ་མང་ཤོས་ཀྱི་ཁུལ་ཁོངས་ཤིག་རེད།
ཞིང་ལས་དང་གྲོང་གསེབ་པུའི་ཞིང་ལས་གནས་ཚུལ་གསར་ཤོས་བཀོད་གཏོང་ལ་གཞིགས་ན། ཟླ་5ཚེས་27ཉིན་གྱི་ཆུ་ཚོད་17བར་ས་གནས་ཁག་གིས་དགུན་གྲོ་མུའུ་ཁྲི་6000ལྷག་ཙམ་བསྡུས་ཟིན་པ་དང་། ཉིན་རེར་འཕྲུལ་འཁོར་གྱིས་བསྡུ་བའི་རྒྱ་ཁྱོན་ཉིན་4བསྟུད་མར་མུའུ་ཁྲི་400ལས་བརྒལ་ནས་རྒྱལ་ཡོངས་སུ“དབྱར་གསུམ”རིང་གི་གཞི་ཁྱོན་ཆེ་བའི་འཕྲུལ་འཁོར་གྱིས་ཕྱོགས་ཡོངས་ནས་གྲོ་བསྡུ་འགོ་ཚུགས་པ་རེད། མིག་སྔར་གྲོ་བཅུ་ཆ་གཉིས་ཙམ་བསྡུས་ཟིན་པའི་ནང་ལྷོ་ནུབ་ས་ཁུལ་དང་ཧུའུ་པེའི་གྲོ་བསྡུས་ཚར་ཉེའི་མཚམས་སུ་སླེབས་པ་དང་། ཧོ་ནན་གྱི་གྲོ་བསྡུ་ཚད་བཅུ་ཆ་གཉིས་ཙམ་ཟིན་པ། ཨན་ཧུའེ་དང་། ཅང་སུའུ། ཧྲའན་ཤིས་བཅས་སུ་གྲོ་བསྡུ་འགོ་ཚུགས་པ་རེད།
ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྲིད་ཇུས་བྱེད་ཐབས་དང་། འགྲིམ་འགྲུལ་ཤར་བགྲོད་འགན་ལེན། གེགས་འགོག་ཞབས་ཞུ། དུས་ཐོག་མཛོད་ཉར། མ་དངུལ་དང་ཞིང་ལས་རྒྱུ་ཆ་སོགས་ཐད་ཀྱི་འགན་ལེན་ལས་དོན་རང་འགུལ་ངང་ལེགས་པར་བསྒྲུབས་ཏེ་དབྱར་བསྡུ་འགན་ལེན་བྱས་ཤིང་། ཞིང་ལས་འཕྲུལ་ཆས་ཀྱི་ལས་སྒྲུབ་ཞབས་ཞུ་འགན་ལེན་སྡེ་ཚན་གྱི་མཐུན་སྦྱོར་ལམ་སྲོལ་བཙུགས་ནས་སྐྱེལ་འདྲེན་བདེ་བླག་ཡོང་བ་དང་གནམ་གཤིས་ཀྱི་སྔོན་བརྡ་དང་ཉེན་བརྡ་གཏོང་བ་སོགས་ཞིང་ལས་འཕྲུལ་ཆས་ཀྱི་ལས་སྒྲུབ་ཞབས་ཞུ་འགན་ལེན་ལས་དོན་གྱི་བྱེད་ཐབས་སྔ་ཙམ་ཞིབ་འཇུག་བྱས་པ་དང་། 2024ལོའི་ས་ཁུལ་སྒྲོལ་བའི་ལས་སྒྲུབ་ལག་ཁྱེར་ཁྲི་29སྔ་སྣུར་དུ་བཟོས་ནས་ཞིང་ཆེན་ཁག་ལ་སྤྲད་པ་དང་ས་གནས་ཁག་གི་མྱུར་བགྲོད་གཞུང་ལམ་གྱི་གྲོན་བསྡུའི་ས་ཚིགས་ཀྱིས་ལག་ཁྱེར་དེར་གཞིགས་ནས་རིན་པ་མི་དགོས་པར་རླངས་འཁོར་གཏོང་བ། 《2024ལོའི་འབྲུ་དང་པད་ཁའི་ལོ་ཏོག་འཕྲུལ་ཆས་ཀྱིས་བསྡུས་ནས་གྱོང་གུན་ཆུང་དུ་གཏོང་བའི་ལས་ཀའི་ཇུས་གཞི》བཀྲམ་སྟེ་ལོ་ཏོག་འཕྲུལ་ཆས་ཀྱིས་བསྡུས་ནས་གྱོང་གུན་ཆུང་དུ་གཏོང་བའི་མི་མངོན་པའི་སྟོབས་ཤུགས་མུ་མཐུད་སྔོག་འདོན་གཏིང་ཟབ་བྱས་པ། ཞིང་ལས་འཕྲུལ་ཆས་ཀྱི་འཕྲལ་སྡོམ་ལས་སྒྲུབ་ཞབས་ཞུའི་དཔུང་ཁག་སྟོབས་ཆེར་གཏོང་བ་དང་གེགས་སེལ་འཕྲུལ་ཆས་དང་སྒྲིག་ཆས་ཡག་ཏུ་བཏང་ནས་ཞིང་ལས་འཕྲུལ་ཆས་ཀྱི་འཕྲལ་སྡོམ་གེགས་སེལ་ནུས་པ་ཆེ་རུ་བཏང་བ་བཅས་རེད། མིག་སྔར་རྒྱལ་ཡོངས་སུ་ས་ཁོངས་ཀྱི་ཞིང་ལས་འཕྲུལ་ཆས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་ལྟེ་གནས་4300ལྷག་ཙམ་དང་། ས་ཁོངས་ཀྱི་ཞིང་ལས་འཕྲལ་སྡོམ་གེགས་སེལ་ལྟེ་གནས་2500ལྷག་ཙམ། རྒྱུན་རྣམ་ཅན་གྱི་ཞིང་ལས་འཕྲུལ་ཆས་འཕྲལ་སྡོམ་ལས་སྒྲུབ་ཞབས་ཞུ་རུ་ཁག་ཁྲི་1.27བཅས་ཐོ་འགོད་སྙན་སེང་ཞུས་ནས་བཙུགས་པ་རེད།