《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月08日

བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་བརྩམས་ཆོས་གཉིས་ལ་ཀྲུང་གོའི་གསར་འགོད་པའི་མཐུན་ཚོགས་ཀྱི་གཟེངས་བསྟོད་ཐོབ་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་6ཉིན་གནས་ཚུལ་འབྱོར་གསལ། འདི་ལོའི་ལོ་འགོར། ཀྲུང་གོའི་གསར་འགོད་པའི་མཐུན་ཚོགས་ཀྱིས་རྒྱལ་ཡོངས་སྨྱན་སྦྱོར་དང་རྒྱལ་ཡོངས་ཀྱི་གསར་འགྱུར་ལས་དོན་པར་ཁ་ཕྱོགས་ནས“ངའི་དཔྱིད་གསར་དུས་ཆེན་གྱི་པར་གཞི་ཆེན་པོ”ཞེས་པའི་བརྗོད་དོན་གཙོ་བོའི་རྩོམ་བསྡུའི་བྱེད་སྒོ་སྤེལ་ཏེ། པར་རིས་དང་བརྙན་ཐུང་གི་རྣམ་པའི་ཐོག་ནས་2024ལོའི་དཔྱིད་གསར་དུས་ཆེན་རིང་རྒྱལ་ཡོངས་ས་གནས་ཁག་ཏུ་ནང་མི་མཉམ་འཛོམས་བྱེད་པའི་མི་སེམས་འགུལ་བའི་གཏམ་རྒྱུད་དང་། ཐུན་མོང་མ་ཡིན་པའི་དམངས་སྲོལ་དང་ལོ་གསར་གཏོང་སྲོལ། ཁྱིམ་མི་མཉམ་འཛོམས་ཀྱི་དྲོ་སྐྱིད་ལྡན་པའི་རྣམ་པ་བཅས་མངོན་པར་བྱས་ཡོད། ཉེ་ཆར། རིགས་གཅིག་མཁས་ཅན་གྱིས་དཔྱད་ཞིབ་དང་དྲ་ཐོག་ནས་འདེམས་ཤོག་འཕངས་པ་བརྒྱུད། བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་བརྩམས་ཆོས《གནམ་གང་དུ་ཟས་རིགས་སྣ་ཚོགས་སྒྲོག་ཙེའི་སྟེང་དུ་བཤམས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་ལོ་གསར་གྱི་བྲོ་བ་མྱོང་བ》དང《གྱི་ལིང་གི་སྙིང་སྟོབས། ས་མཐོས་དཔྱིད་གསར་བསུ》ཞེས་པ“བརྩམས་ཆོས་ལེགས་གྲས”ལ་བདམས་པ་རེད།