《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月07日

ཉེན་བརྡ་རྒྱུན་སྒྲོག་གིས་འགོག་སྲུང་འཛིང་རགས་བརྟན་དུ་བཏང་བ།

ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་སྐུལ་འདེད་ཏན་ཏིག་བཏང་ནས། ཏང་ཡོན་ལས་བྱེད་པར་བསམ་བློའི་རྨང་གཞི་དང་ཀུན་སྤྱོད་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་འཛུགས་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ནས། རུལ་འགོག་འགྱུར་ཟོན་གྱི་ནུས་པ་ཆེ་རུ་ཏན་ཏིག་གཏོང་ཆེད། ཉེ་ཆར། གཞིས་རྩེ་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་ཀྱིས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་གཞིས་རྩེ་གྲོང་ཁྱེར་རུལ་རྒོལ་གཙང་སྤེལ་གྱི་ཉེན་བརྡའི་སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱས་ནས་སྲིད་གཙང་གི་ཞུན་བརྡར་དང་ལེན་བྱས་ཤིང་། འདི་ནི་ཏང་ཡོན་ལས་བྱེད་པས་ཏང་ཞུགས་དམ་བཅའ་བསྐྱར་དུ་འཇོག་བཞིན་པ།