《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月07日

“ད་ཆ། ང་ཚོ་ཡུལ་སྨད་ལའང་གློག་བརྙན་ཁང་ཡོད”

འདི་ག་ཚགས་པར་ཁང་དུ་ལྷུན་རྩེ་ནས་ཟླ་6ཚེས་3ཉིན་གློག་འཕྲིན་འབྱོར་གསལ། “ད་ཆ། ང་ཚོ་ཡུལ་སྨད་ལའང་གློག་བརྙན་ཁང་ཡོད། འགྲོ གློག་བརྙན་བལྟ་བ་འགྲོ” ཟླ་5ཚེས་30ཉིན་གྱི་ཞོགས་པར། ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས་བསྟན་འཛིན་ཆོས་སྐྱིད་ཀྱིས་གཟབ་མཆོར་སྤྲས་ཏེ་རོགས་པ་དང་མཉམ་དུ་གློག་བརྙན་བལྟ་བར་ཕྱིན། ཉིན་དེའི་སྔ་དྲོར། ལྗོངས་ཡོངས་ཀྱི“ཧྥེང་ཆའོ་ཡི་གློག་བརྙན་ཁང”ཐོག་མ་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་དུ་སྒོ་བྱང་བཀལ་ནས་སྤྱོད་འགོ་ཚུགས་པ་རེད།

“ཧྥེང་ཆའོ་ཡི་གློག་བརྙན་ཁང”ནི་རྒྱལ་ཡོངས་ཀྱི“ཧྥེང་ཆའོ་རྣམ་པའི་སྤྱི་བདེ་མངགས་གཏོང་ཁང”ཁག་གཉིས་པ—ཡུལ་སྨད་མཐའ་མཚམས་མངགས་གཏོང་ཁང་ནང་དུ་ཡོད་ལ། དེ་ནི་ལྷོ་ཁ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གིས་རང་སྐྱོང་ལྗོངས་གློག་བརྙན་སྤྱི་པའི་ཞབས་ཞུ་ལྟེ་གནས་དང་ལྷོ་ཁ་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་མཉམ་དུ་བསྐྲུན་པའི་ཚད་གཞི་མཐོ་བའི་གནས་གཏན་འཁེལ་གྱི་སྤྱི་ཕན་གློག་བརྙན་སྟོན་ས་ཞིག་རེད། གློག་བརྙན་ཁང་གི་རྒྱ་ཁྱོན་ལ་སྨི་ངོས་གྲུ་200ཙམ་ཡོད་པའི་ནང་ནུས་མང་འབོལ་ཁྲི་50བཀོད་སྒྲིག་བྱས་ཡོད་པ་རེད།

ཡུལ་སྨད་མཐའ་མཚམས་མངགས་གཏོང་ཁང་གི་སུའོ་ཀྲང་ཡོན་ཧའོ་ཅེ་ཡིས། “ཧྥེང་ཆའོ་ཡི་གློག་བརྙན་ཁང”བསྐྲུན་ནས་སྤྱོད་འགོ་ཚུགས་པ་གོ་སྐབས་སུ་བྱས་་ཏེ་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”སྔར་བས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། “དུས་བདེའི་ཡུལ་སྨད”འཛུགས་གཏོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད། “གློག་བརྙན་དང་སློབ་གསོ”ཟུང་དུ་འབྲེལ་བའི་རྣམ་པ་གསར་པ་འཚོལ་ཞིབ་ཧུར་ཐག་བཅས་བྱས་ཐོག མང་ཚོགས་ཀྱི་དགའ་ཕྱོགས་ལྟར་དུས་ཚོད་དང་མཚམས་ཚིགས་གལ་ཆེན་སྐབས“གློག་བརྙན་བལྟས་ནས་ཏང་གི་ལོ་རྒྱུས་སྦྱོང་བ”དང“གསར་བརྗེའི་གློག་བརྙན་རྩེ་གྲ་བརྒྱ་ཡུལ་སྨད་དུ་སྟོན་པ”སོགས་བརྗོད་དོན་གཙོ་བོའི་གློག་བརྙན་བསྟན་ནས། ཏང་གི་གསུང་སྒྲ་དང་ཐུགས་ཁུར་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་ལ་ཚོར་ཐུབ་པ་བྱེད་ཀྱི་ཡིན་ཞེས་བཤད་པ་རེད། (དམ་ཆོས་མི་ཕམ་གྱིས་བསྒྱུར། བསྟན་འཛིན་བཟང་མོས་ཞུས)