《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月06日

ལྗོངས་ཡོངས་ཀྱི་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་གཏོང་གི་འཇོན་ཐང་ཆེ་རུ་གཏོང་བའི་གསོ་སྦྱོང་དང་དུས་ཚིགས་གཉིས་པའི་ལས་དོན་སྐུལ་སྤེལ་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་4ཉིན་གནས་ཚུལ་འབྱོར་གསལ། ཚེས་3ཉིན། ལྗོངས་ཡོངས་ཀྱི་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་གཏོང་གི་འཇོན་ཐང་ཆེ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་དང་རང་སྐྱོང་ལྗོངས་ཀྱི་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་གཏོང་གི་དུས་ཚིགས་གཉིས་པའི་སྐུལ་སྤེལ་ཚོགས་འདུ་ལྷ་སར་འཚོགས་པ་རེད། ཚོགས་འདུའི་ཐོག་ཀྲུང་དབྱང་གི་ཆེད་དོན་ལས་དོན་ལམ་སྲོལ་གྱི་དུས་ཚིགས་གཉིས་པའི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་ལྗོངས་ཡོངས་ཀྱི་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་གཏོང་གི་ལས་དོན་ལ་དབྱེ་ཞིབ་བྱས་པ་མ་ཟད། གོམ་སྟབས་རྗེས་མའི་གཙོ་གནད་ལས་འགན་བཀོད་སྒྲིག་ཀྱང་བྱས་པ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲུང་ཆེ་ཟླ་བ་ཚེ་རིང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་བློ་བརྟན་འགྱུར་མེད་ངང“གཏན་འཁེལ་གཉིས”ལ་བརྩི་སྲུང་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པའི་མཐོ་ཚད་ནས་ཕྱི་ཚུལ་རིང་ལུགས་ལ་བཅོས་སྒྲིག་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཟབ་སྦྱོང་མཐིལ་རྟོགས་བྱེད་པ་དང་། ཀྲུང་དབྱང་གི་ཆེད་དོན་ལས་དོན་ལམ་སྲོལ་ཚོགས་འདུའི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་། ནན་པའི་རྩ་བའི་དགོངས་གཞི་དང་། ནན་པའི་བྱེད་ཐབས། ནན་པའི་རྣམ་པ་བཅས་མཐའ་འཁྱོངས་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་གཏོང་གི་འཇོན་ཐང་ཆེ་རུ་གཏོང་དགོས། གཙོ་གནད་དང་འགག་རྩ་འབུར་དུ་ཐོན་པ་དང་། ལྕི་ཡང་དལ་བྲེལ་དབྱེ་བ་གསལ་པོ་འབྱེད་པ། ཡང་དག་པའི་སྲིད་དོན་བྱས་རྗེས་ཀྱི་ལྟ་བ་བརྟན་པོར་འཛུགས་པ་བཅས་བྱས་ནས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་བཏོན་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ལ་ཤུགས་སྣོན་རྒྱག་དགོས། བརྒྱུད་རིམ་གྱི་འདུ་ཤེས་མཐའ་འཁྱོངས་དང་། སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་གཏོང་། “གནས”དང“ཕྱོགས”ཀྱི་འབྲེལ་བ་ཐག་གཅོད་ཡང་དག གཞུང་ཕྱོགས་ནས་འབྲེལ་མཐུད་དང་འཕྲེད་ཕྱོགས་ནས་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ། རྩེ་རིམ་ཇུས་འགོད་ཡག་པོ་བྱེད་པ། རིགས་དབྱེའི་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་དེ་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་དང་མཐུན་སྦྱོར་བྱ་རྒྱུར་སྐུལ་འདེད་གཏོང་བ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་དམ་ཟབ་བྱེད་པ། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་ལས་ཀའི་མཉམ་ཤུགས་ཆགས་པ་བཅས་བྱས་ཏེ་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས།

(ཚེ་ཁོས་བསྒྱུར། པ་སངས་དང་ཚེ་ཁོས་ཞུས)