ལྷོ་བྲག་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱི་དྲིལ་བསྒྲགས་པས་ཞིང་འབྲོག་ཁུལ་དུ་གློག་སྒུལ་སྦག་སྦག་གི་མེ་ཟོན་བདེ་འཇགས་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ།
ཉིང་ཁྲི་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི་བཀོད་འཐབ་པས་གློག་སྒུལ་སྦག་སྦག་གི་ཚོང་ཁང་དུ་མངོན་བཤེར་ལྐོག་ཞིབ་བྱེད་བཞིན་པ།
སྒར་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱི་མེ་ཟོན་དྲིལ་བསྒྲགས་རུ་མིས་གློག་སྒུལ་སྦག་སྦག་གི་མེ་ཟོན་བདེ་འཇགས་ཀྱི་བརྡ་ཆ་སྦྱོར་བཞིན་པ།
མངའ་རིས་ས་ཁུལ་གྱི“སྐལ་བཟང་མེ་ཏོག་མེ་ཟོན་དྲིལ་བསྒྲགས་རུ་ཁག”གི་ལས་དོན་པ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་མང་ཚོགས་ལ་གློག་སྒུལ་སྦག་སྦག་གི་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་ཁྱབ་གདལ་གཏོང་བཞིན་པ།
འཕྱོངས་རྒྱས་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱི་དྲིལ་བསྒྲགས་པས་སྡེ་ཁུལ་གྱི་གྲོང་མིར་གློག་སྒུལ་སྦག་སྦག་འཇོག་སྟངས་དང་གློག་གསོག་སྟངས་སོགས་ཀྱི་རྒྱུན་ཤེས་དྲིལ་བསྒྲགས་བྱེད་བཞིན་པ།
ལྗོངས་ཡོངས་ཀྱི་གློག་སྒུལ་སྦག་སྦག་གི་མེ་ཟོན་བདེ་འཇགས་ཀྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ཉིན་ཤས་བསྟུད་མར། བོད་ཀྱི་རིམ་ཁག་མེ་ཟོན་རོགས་སྐྱོབ་དཔུང་ཁག་གིས་མེ་ཟོན་དང་བླངས་པ་དང་མཉམ་དུ་གློག་སྒུལ་སྦག་སྦག་ཚོང་ཁང་དང་། གྲོང་མིའི་སྡེ་ཁུལ། ཞིང་འབྲོག་ཁུལ་སོགས་སུ་བསྐྱོད་དེ། མངོན་མེད་རྐྱེན་ངན་སེལ་བ་དང་། དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། ཕན་འབྲས་ལ་སྐུལ་འདེད་གཏོང་བ་བཅས་དམིགས་ཡུལ་དུ་བྱས་ནས། གློག་སྒུལ་སྦག་སྦག་གི་བདེ་འཇགས་ལ་ཞིབ་བཤེར་དང་དྲིལ་བསྒྲགས་ཀྱི་བྱེད་སྒོ་རྒྱ་ཁྱབ་སྤེལ་ནས་གློག་སྒུལ་སྦག་སྦག་བདེ་འཇགས་ཡོང་བར་རམ་འདེགས་བྱས་པ་རེད།