《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月05日

གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་བྲག་མཇུག་ཤང་གིས།

སྤྱོད་ཚུལ་གྱི་འགྱུར་ལྡོག་ཆེན་པོར་བརྟེན་ནས་ཐོན་ལས་འཕེལ་རྒྱས་ཆེན་པོར་སྐུལ་འདེད་བཏང་བ།

2023ལོ་ནས་བཟུང་གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་བྲག་མཇུག་ཤང་གིས་སྤྱོད་ཚུལ་གྱི་འགྱུར་ལྡོག་ཆེན་པོར་བརྟེན་ནས་ཐོན་ལས་འཕེལ་རྒྱས་ཆེན་པོ་འགྲོ་བར་སྐུལ་འདེད་བཏང་ཞིང་། སྔ་རྗེས་སུ་མུའུ་ཁྲི་ཡི་གཟན་རྩྭ་འདེབས་འཛུཌ་རྟེན་གཞི་དང་། དེང་རབས་ཞིང་ལས་འདེབས་འཛུཌ་དཔེ་སྟོན་རྟེན་གཞི། གྲངས་འཛིན་ཞིང་ལས་དཔེ་སྟོན་རྟེན་གཞི་བཅས་བསྐྲུན་པ་དང་། བརྒྱུད་རིམ་ཧྲིལ་པོའི་འཕྲུལ་ཆས་ཅན་གྱི་དཔེ་སྟོན་གྲོང་ཚོ་བདེ་བླག་ངང་བསྐྲུན་ཏེ། ཞིང་འབྲོག་ལས་ཐོན་སྐྱེད་གཉེར་སྐྱོང་བྱེད་སྟངས་ལ་ཚད་བརྒལ་གསར་པ་བྱུང་བ་རེད།

བྲག་མཇུག་ཤང་གིས་ལས་བྱེད་པའི་སྒྲུབ་ཕོད་པའི་ནང་གནས་སྒུལ་ཤུགས་འཕེལ་བར་བྱེད་པའི་འགག་རྩར་དམིཌ་ཏེ། “1+2+3+28”ཀྱི་རྩ་འཛུགས་ནུས་པའི་མ་ལག་འཚོལ་ཞིབ་ཀྱིས་བཙུགས་ནས་ཐོན་ལས་གླིང་ཁུལ་གྱི་ཏང་ཨུད་1དང་། ཤང་དང་གྲོང་རྡལ་གྱི་ཏང་ཨུད་2 ལྟེ་བའི་གྲོང་ཚོ་3 གཞི་རིམ་གྱི་ཏང་རྩ་འཛུགས་28བཅས་ལ་ཁྱབ་པར་བྱས་ཁར། གཟན་རྩྭ་འདེབས་འཛུགས་དང་བཤས་ཕྱུགས་ལས་སྣོན་གྱི་ཐོན་ལས་འཁོར་འབྲེལ་སྣུར་སྲིང་བྱས་པ་རེད། “ཇོ་རིས་སྣེ་ཁྲིད་དང་། ཧྲུའུ་ཅིས་གཉེར་རོགས། གྲོང་འབྲེལ་མཉམ་གཉེར”བཅས་དོན་འཁྱོལ་བྱས་ཏེ་ཐོན་ལས་རྣམ་གྲངས་24བཟོས་པ་དང་། རྣམ་གྲངས་22ལག་བསྟར་བྱས་ནས་གྲོང་ཚོ་8ཀྱི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་100ཡན་འཕར་རྒྱུར་སྐུལ་ཁྲིད་ཐུབ་སྟེ། ས་སྐྱ་རྫོང་གིས་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཐོན་ལས་གླིང་འཛུགས་རྒྱུར་རམ་འདེགས་ནུས་ལྡན་བྱས་ཡོད།

བྲག་མཇུག་ཤང་གིས་གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་། དམིགས་ཚད་ཕྱོགས་སྟོན་དུ་འཛིན་པ། གྲུབ་འབྲས་ཕྱོགས་སྟོན་དུ་འཛིན་པ་བཅས་མཐའ་འཁྱོངས་བྱས་ནས། སྤྱོད་ཚུལ་ལེགས་གཏོང་གི་ཕན་འབྲས་དག་ཐོན་ལས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཤིང་། “ཁེ་ལས+མཉམ་ལས་ཁང+གྲོང་ཚོའི་མཉམ་སྡེབ+ཞིང་དུད”ཀྱི་འཕེལ་རྒྱས་རྣམ་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། བོད་ལྗོངས་ཡོན་ཙེ་གཟན་རྩྭ་ཁེ་ལས་ནང་འདྲེན་དང་། ཞིང་ལས་འཕྲུལ་ཆས་མཉམ་ལས་ཁང་གི་གཞི་ཁྱོན་རྒྱ་སྐྱེད། གཟན་རྩྭའི་ས་བོན་དང་སྣ་ཁ་གསར་པའི་དཔེ་སྟོན་རྟེན་གཞི་འཛུགས་སྐྲུན་བཅས་བྱས་ནས་ཐོན་ལས་ཀྱི་ཞབས་ཞུའི་རྣམ་པ་གསར་པ་དང་འཕེལ་རྒྱས་ཀྱི་འབྲེལ་ཐག་གསར་པ་ཁྱོན་ཡོངས་ནས་བཏོད་པ་རེད། 2023ལོར་ཤང་ཡོངས་ཀྱི་གཟན་རྩྭའི་ཐོན་འབབ་ཏུན་ཁྲི་2.37དང་ཐོན་རྫས་རིན་ཐང་སྒོར་ཁྲི་6000ལྷག་ཙམ་ཟིན་པ་དང་། ས་མཐོའི་ལི་གྲོ་མུའུ་2000ལྷག་ཙམ་ཚོད་འདེབས་བྱས་པར་ཐོན་འབབ་ཏུན་400ཟིན་ཏེ། མང་ཚོགས་1500ལྷག་ཙམ་ལ་ཟླ་རེར་ཡོང་འབབ་སྒོར་2000ལྷག་ཙམ་འཕར་བ་རེད།

(བདེ་དབང་དང་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)