འཛད་སྤྱོད་ཀྱི་ཁོར་ཡུག་དང་ཁྲོམ་རའི་སྒྲིག་ལམ་སྐྱོན་བྲལ་དང་གོ་རིམ་ལྡན་པར་འགན་ལེན་ཏན་ཏིག་བྱ་ཆེད། རྫ་ཡུལ་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་གཙོ་གནད་ཁྱབ་ཁོངས་དང་། གཙོ་གནད་ལས་ཡུལ། གཙོ་གནད་ཚན་པ་བཅས་ལ་དམ་པོར་དམིགས་ཏེ་ཁྲོམ་རར་སྐོར་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “བདེ་འཇགས་ཆེན་པོ་བཞིའི”མཐའ་ཚད་བརྟན་པོར་སྲུང་བ། ཚད་འཇལ་དང་རིན་གོང་གི་བྱ་སྤྱོད་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། མང་ཚོགས་ལ་བདེ་འཇགས་དང་བློ་བདེ་སེམས་བདེའི་ཚོང་གཉེར་ཁོར་ཡུག་གོ་རིམ་ལྡན་པ་ཞིག་ནུས་ཤུགས་ཡོད་རྒུས་བཏོད་པ་རེད།