《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月05日

མི་རིགས་མཐུན་སྒྲིལ་གྱི་སྲིད་ཇུས་སློབ་སྦྱོང་དང་དྲིལ་བསྒྲགས་ཡག་པོ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་བསམ་བློའི་རྨང་གཞི་བརྟན་དུ་བཏང་བ།

མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཚན་པ་འཛུགས་གཏོད་ལས་དོན་ཡག་པོ་བསྒྲུབ་ཆེད། ལྗོངས་ཏང་ཨུད་གཞུང་དོན་ཐིང་གིས་སློབ་སྦྱོང་དྲིལ་བསྒྲགས་ཐད་འབད་བརྩོན་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་བསམ་བློའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་ཡོད།

ཟུང་འབྲེལ་ལས་དོན་ཡག་པོ་བསྒྲུབ་ཆེད། ལྗོངས་ཏང་ཨུད་གཞུང་དོན་ཐིང་གི་ཐིང་དོན་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་དགུ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཆེད་དོན་སློབ་སྦྱོང་བྱས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱེད་ཐབས་ལ་ཞིབ་འཇུག་བྱས་པ་རེད། 《བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག》དང《རང་སྐྱོང་ལྗོངས་ཀྱི་ལྗོངས(ཀྲུང་དབྱང)ཐད་གཏོགས་ལས་ཁུངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་སློབ་གསོའི་ལས་དོན་ཇུས་གཞི》སློབ་སྦྱོང་དང་། དྲིལ་བསྒྲགས། དོན་འཁྱོལ་བཅས་གཏིང་ཟབ་བྱས་ནས་ལག་བསྟར་དོན་འཁྱོལ་གྱི་ཞིབ་ཕྲའི་ཇུས་གཞི་བཟོས་ཡོད།

ཉེ་བའི་ལོ་ཤས་རིང་། ལྗོངས་ཏང་ཨུད་གཞུང་དོན་ཐིང་གིས་སྤྱི་འདོམས་མཐུན་སྦྱོར་དང་། ཇུས་འགོད་བྱེད་རོགས། ལྟ་སྐུལ་ཞིབ་བཤེར། ཞབས་ཞུ་འགན་ལེན་བཅས་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས། 《ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་གཙོ་རྐང་དང་འཐབ་ཇུས་རང་བཞིན་གྱི་ལས་འགན་དུ་བརྩི་བ་དང་དུས་རབས་གསར་པར་བོད་ཀྱི་མི་རིགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》དང《བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག》སོགས་ཡིག་ཆའི་གཏན་འབེབས་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་གཞུང་དོན་ཐིང་གི་ལས་འགན་གལ་ཆེན་དུ་བརྩིས་ཏེ། “ཁུལ་གསུམ་དང་མཐོ་ས་གཅིག”གི་གཞུང་དོན་ཐིང་གི་འགན་འཁྲི་དང་འགན་ནུས་སྔར་བས་འདོན་སྤེལ་ཡག་པོ་བྱེད་པ་དང་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི“དགུ་སྤེལ”གྱི་འདུ་འགོད་ལག་བསྟར་ཤུགས་ཆེན་བྱས་ནས། འཛུགས་གཏོད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་འཛུགས་གཏོད་ཆུ་ཚད་མཐོ་རུ་བཏང་སྟེ། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལས་དོན་ཐབས་ལམ་མང་བ་དང་ཕྱོགས་ཡོངས་ནས་སྤེལ་རྒྱུར་སྐུལ་འདེད་བཏང་ཡོད།