《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月05日

རང་ལྗོངས་ཀྱི་བདམས་ཐོན་པ་རྒྱལ་ཡོངས་ཀྱི་དམངས་སྲིད་ལས་རིགས་ཀྱི་རྩལ་ནུས་འགྲན་བསྡུར་ཆེ་མོའི་མཐའ་བསྡུར་ལ་ཞུགས་པ།

འདི་ག་ཚགས་པར་ཁང་དུ་ནན་ཅིང་ནས་ཟླ་6ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཅང་སུའུ་ཞིང་ཆེན་ནན་ཅིང་གྲོང་ཁྱེར་དུ་དུས་ཡུན་ཉིན་གསུམ་གྱི་རྒྱལ་ཡོངས་དམངས་སྲིད་ལས་རིགས་ཀྱི་རྩལ་ནུས་འགྲན་བསྡུར་ཆེ་མོའི་མཐའ་བསྡུར་བྱས་པ་དང་། རང་ལྗོངས་ཀྱི་བདམས་ཐོན་པ་8མཐའ་བསྡུར་ལ་ཞུགས་ཏེ་རྒྱལ་ཡོངས་ཀྱི་བདམས་ཐོན་པ་300ལྷག་ཙམ་དང་འགྲན་བསྡུར་དྲག་པོ་བྱས་ནས། དམངས་སྲིད་ཀྱི་ཉམས་འགྱུར་བཟང་པོ་མངོན་པར་བྱས་པ་རེད།

“ན་ནིང་གི་ཟླ་12པར་འགྲན་བསྡུར་ཆེ་མོ་འགོ་བཙུགས་ཚུན་འདེམས་སྒྲུག་འགྲན་བསྡུར་བྱས་པ་བརྒྱུད། རང་ལྗོངས་ཀྱི་དམངས་སྲིད་ལས་རིགས་ཀྱི་ཕུལ་བྱུང་བདམས་ཐོན་པ་8འབུར་དུ་ཐོན་པ་དང་ཁོ་ཚོའི་ཆ་སྙོམས་ལོ་ཚད་ལོ་34ཡིན་ཞིང་། དེའི་ནང་ལོ་ན་ཆུང་ཤོས་ལོ་22ཡིན་པ་རེད”རྒྱལ་ཡོངས་དམངས་སྲིད་ལས་རིགས་ཀྱི་རྩལ་ནུས་འགྲན་བསྡུར་ཆེ་མོའི་རྩལ་ཁྲིད་པ་འཇམ་དབྱངས་ཀྱིས། འདི་ལོ“བརྒྱད་ཅུའི་ནང་སྐྱེས”དང“དགུ་བཅུའི་ནང་སྐྱེས”ཀྱིས་གཙོ་བོར་བྱེད་པའི་གཞོན་ནུ་མི་རབས་དེས་ལས་འདེམས་འདུ་ཤེས་བསྒྱུར་ནས་རྒན་གསོའི་ཞབས་ཞུ་དང་། ལུས་གསོའི་རམ་འདེགས། པུར་སྐྱེལ་དུར་འཇུག་དོ་དམ་སོགས་ཀྱི་ལས་རིགས་ནང་ཧུར་ཐག་ཞུགས་ཡོད། འགྲན་བསྡུར་བརྒྱུད་ཁོང་ཚོའི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་དང་དངོས་སྤྱོད་རྩལ་ནུས་ཀྱི་ཆུ་ཚད་མཐོ་རུ་ཕྱིན་པ་མ་ཟད། རང་ལྗོངས་ཀྱི་དམངས་སྲིད་ལས་རིགས་ལག་རྩལ་མི་སྣའི་ལས་རིགས་བྱང་ཚད་དང་། རྩལ་ནུས་ཉམས་འགྱུར། བསམ་པའི་ཉམས་འགྱུར་བཅས་གང་ལེགས་མངོན་ཏེ་དམངས་སྲིད་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་རམ་འདེགས་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།