《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月04日

མཚོ་ཐོག་དར་གོས་ལམ་བུའི་མངོན་མིན་རིག་གནས་ཤུལ་བཞག་གི་འགྲེམས་རྫས་པེ་ཅིང་དུ་འགྲེམས་སྟོན་བྱས་པ།

ཉེ་དུས་ལོ་ངོ་སྟོང་གི་མཚོ་ཐོག་དར་གོས་ལམ་བུའི་མངོན་མིན་རིག་གནས་ཤུལ་བཞག་གི་སྒྱུ་རྩལ་འགྲེམས་སྟོན་གྱི་འགོ་ཚུགས་མཛད་སྒོ་པེ་ཅིང་ཀྲུང་གོ་མཛེས་རྩལ་ཁང་དུ་གཉེར་བ་དང་། འགྲེམས་སྟོན་དེའི་ནང་ཧྥུའུ་ཅན་ཞིང་ཆེན་ཆོན་ཀྲོའུ་གྲོང་ཁྱེར་ཡུང་ཁྲུན་རྫོང་གི་མངོན་མིན་རིག་གནས་ཤུལ་བཞག་གི་འགྲེམས་རྫས་བརྒྱ་ཙམ་འགྲེམས་སྟོན་བྱས་ཡོད། ཆོན་ཀྲོའུ་ནི་མཚོ་ཐོག་དར་གོས་ལམ་བུའི་འགོ་ཚུགས་གྲོང་ཁྱེར་ཡིན་པས་ལོ་རྒྱུས་ཡུན་རིང་ལྡན་ལ་རིག་གནས་ཀྱི་ནང་དོན་ཡང་གཏིང་ཟབ་མོ་ཡོད། འདི་ནི་ལོ་ངོ་སྟོང་གི་མཚོ་ཐོག་དར་གོས་ལམ་བུའི་མངོན་མིན་རིག་གནས་ཤུལ་བཞག་གི་སྒྱུ་རྩལ་འགྲེམས་སྟོན་ཐོག་ཕྲུ་གུ་ཆུང་ཆུང་ཞིག་གིས་ཧྥུའུ་ཅན་གྱི་སྲོལ་རྒྱུན་འགྱོགས་བྱམས་ལ་ལྟ་བཞིན་པ།