འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་1ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པས་ལྷ་ས་འགག་སྒོ་ལས་ཁུངས་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོའི་ཟླ་དང་པོ་ནས་བཞི་པའི་བར་བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་27.86ཟིན་པ་དེ་དུས་མཚུངས་ལས་201.7%འཕར་ཡོད། དེའི་ནང་ཕྱིར་གཏོང་སྒོར་དུང་ཕྱུར་24.57ཟིན་ནས་200.2%འཕར་བ་དང་། ནང་འདྲེན་སྒོར་དུང་ཕྱུར་3.28ཟིན་ནས་213.6%འཕར་ཡོད། ཉོ་ཚོང་་གི་དྲང་ཁྱད་སྒོར་དུང་ཕྱུར་21.29ཟིན་ཡོད་པ་རེད།
གསར་དར་ཁྲོམ་རས་ཕྱི་ཕྱོགས་ཚོང་དོན་འཕར་བའི་མཐུན་རྐྱེན་གསར་པ་སྔར་བས་རྒྱ་སྐྱེད་བཏང་ཡོད། ཟླ་དང་པོ་ནས་བཞི་པའི་བར་བོད་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ལ་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་20.04བྱས་ནས་126.8%འཕར་ཡོད། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཡོ་རོབ་མནའ་འབྲེལ་ལ་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་3.9དང་སྒོར་དུང་ཕྱུར་1.21སོ་སོར་བྱས་ནས་77.1%དང་1254.2%སོ་སོར་འཕར་ཡོད། RCEPཁོངས་མིའི་རྒྱལ་ཁབ་གཞན་དག་ལ་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་6.13བྱས་ནས་172.7%འཕར་ཡོད་པ་རེད།
(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)
གཉེར་སྐྱོང་བྱེད་པོ་ནས་བལྟས་ན། དམངས་གཉེར་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་མགྱོགས་མྱུར་འཕར་ཡོད། ཟླ་དང་པོ་ནས་བཞི་པའི་བར་བོད་ཀྱི་དམངས་གཉེར་ཁེ་ལས་ཀྱིས་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་27.37བྱས་ནས་202.7%འཕར་བ་དེ་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.3འཕར་ནས་དུས་མཚུངས་ཀྱི་བོད་ཀྱི་ཕྱིར་གཏོང་ནང་འདྲེན་རིན་ཐང་བསྡོམས་འབོར་གྱི་98.2%བཟུང་ཡོད། གཞུང་ཁོངས་ཁེ་ལས་ཀྱིས་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་0.28བྱས་ནས་81.9%འཕར་ཡོད་པ་རེད།
ཕྱིར་གཏོང་ཐད་ངལ་རྩོལ་མང་འདུས་ཅན་དང་འཕྲུལ་གློག་ཐོན་རྫས་ཚང་མ་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད། ཟླ་དང་པོ་ནས་བཞི་པའི་བར་བོད་ཀྱིས་སྒོར་དུང་ཕྱུར་12.64རི་བའི་ངལ་རྩོལ་མང་འདུས་ཅན་གྱི་ཐོན་རྫས་ཕྱིར་གཏོང་བྱས་ནས་269%འཕར་བ་དེ་དུས་མཚུངས་ཀྱི་བོད་ཀྱི་ཕྱིར་གཏོང་རིན་ཐང་བསྡོམས་འབོར་གྱི་51.4%བཟུང་ཡོད། སྒོར་དུང་ཕྱུར་12.64རི་བའི་འཕྲུལ་གློག་ཐོན་རྫས་ཕྱིར་གཏོང་བྱས་ནས་142.1%འཕར་བ་དེ་དུས་མཚུངས་ཀྱི་བོད་ཀྱི་ཕྱིར་གཏོང་རིན་ཐང་བསྡོམས་འབོར་གྱི་29.3%བཟུང་ཡོད་པ་རེད།
ནང་འདྲེན་ཐད་སྤོམ་ཆེའི་ཚོང་ཟོག་གིས་བསྡུར་ཚད་བཅུ་ཆ་ལྔ་ལྷག་ཙམ་བཟུང་བ་དང་འཕྲུལ་གློག་ཐོན་རྫས་ནང་འདྲེན་བྱེད་ཚད་ལྡབ་འཕར་བྱུང་ཡོད། ཟླ་དང་པོ་ནས་བཞི་པའི་བར་བོད་ཀྱིས་སྒོར་དུང་ཕྱུར་1.83རི་བའི་སྤོམ་ཆེའི་ཚོང་ཟོག་ནང་འདྲེན་བྱས་ནས་232.1%འཕར་ཡོད། དེའི་ནང་སྒོར་དུང་ཕྱུར་1.22རི་བའི་ནུས་རྒྱུའི་ཐོན་རྫས་ནང་འདྲེན་བྱས་པ་དང་སྒོར་དུང་ཕྱུར་0.61རི་བའི་ལྕགས་རིགས་གཏེར་ཁ་དང་གཏེར་བྱེ་ནང་འདྲེན་བྱས་ཡོད། དུས་མཚུངས་སུ་སྒོར་དུང་ཕྱུར་0.57རི་བའི་འཕྲུལ་གློག་ཐོན་རྫས་ནང་འདྲེན་བྱས་ནས་150.1%འཕར་ཡོད་པ་རེད། (ལྷ་དབང་དང་ལྷག་ཚེས་སྒྱུར་ཞུས་བྱས)