འཕྲིན་ལན།
སི་ཁྲོན་ཞིང་ཆེན་ནན་ཁྲུང་གྲོང་ཁྱེར་ཅ་ལིང་ཆུས་ཀྲི་ཅང་སློབ་ཆུང་གི་སློབ་གྲོགས་ཚོ།
སྐུ་ཁམས་བཟང་། འཕྲིན་ཡིག་འབྱོར་རྗེས་ངས་ལོ་20ཡི་གོང་ཁྱེད་ཚོའི་སློབ་གྲྭར་རྩིག་རྨང་འདིང་བའི་གནས་ཚུལ་དྲན་བྱུང་། ལོ་འདི་དག་རིང་སློབ་གཉེར་ཇི་ཙམ་གཉེར་བ་དེ་ཙམ་གྱིས་ལེགས་སུ་སོང་བ་དང་། སློབ་གྲོགས་ཚོ་སློབ་སྦྱོང་ལ་འབད་བརྩོན་དང་། ངལ་རྩོལ་ལ་དགའ་ཞེན། བདེ་ཐང་དང་སྤྲོ་སྣང་ལྡན་པའི་ངང་འཚར་ལོངས་བྱུང་བ་ཤེས་དུས་ང་རང་ཧ་ཅང་དགའ་པོ་བྱུང་།
ལོ་ཆུང་བྱིས་པ་ནི་མེས་རྒྱལ་གྱི་འབྱུང་འགྱུར་ཡིན། ཕ་ཡུལ་འཛུགས་སྐྲུན་ཡག་པོ་བྱེད་པ་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་ཁྱེད་ཚོའི་མི་རབས་འདིས་རྒྱུན་མཐུད་འབད་འཐབ་བྱེད་དགོས། སློབ་གྲོགས་ཚོས་ཕུགས་འདུན་ཆེན་པོ་འཛུགས་པ་དང་། དུས་སྐབས་བཟང་པོར་གཅེས་སྤྲས་བྱེད་པ། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བཅས་བྱེད་པ། ཏང་གཅེས་རྒྱལ་གཅེས་དང་། རང་ཚུགས་རང་དར། འབད་འབུངས་ཡར་བརྩོན་བཅས་བྱས་ནས་དུས་རབས་གསར་པའི་ལོ་ཆུང་བཟང་པོ་ཞིག་ཏུ་བརྩོན་ལེན་བྱས་ཏེ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་འཁུར་ཐུབ་པའི་རྐང་འཛིན་པ་ཆགས་རྒྱུར་འབད་བརྩོན་བྱེད་རྒྱུའི་རེ་བ་ཡོད།
“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་འཆར་ཉེར་ཡོད་པས། ངས་ཁྱེད་ཚོ་དང་རྒྱལ་ཡོངས་ཀྱི་གྲོགས་པོ་ཆུང་ཆུང་ཚོར་དུས་ཆེན་སྐྱིད་པོ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།
ཞི་ཅིན་ཕིང་།
2024ལོའི་ཟླ་5ཚེས་30ཉིན།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་31ཉིན་འབྱོར་བའི་གློག་འཕྲིན)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་31ཉིན་གློག་འཕྲིན་འབྱོར་གསལ། “དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་འཆར་ཉེའི་མཚམས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཟླ་5ཚེས་30ཉིན་སི་ཁྲོན་ཞིང་ཆེན་ནན་ཁྲུང་གྲོང་ཁྱེར་ཅ་ལིང་ཆུས་ཀྲི་ཅང་སློབ་ཆུང་གི་སློབ་མ་ཚོར་འཕྲིན་ལན་སྤྲིངས་ནས་ཁོང་ཚོར་བྱམས་བརྩེའི་སྐུལ་ལྕག་གནང་བ་དང་འབྲེལ་ཁོང་ཚོ་དང་རྒྱལ་ཡོངས་ཀྱི་ལོ་ཆུང་བྱིས་པ་ཚོ་དུས་ཆེན་སྐྱིད་པོ་ཡོང་བའི་སྨོན་འདུན་ཡང་ཞུས་གནང་བ་རེད།
ཞི་ཅིན་ཕིང་གིས་འཕྲིན་ལན་ནང་། འཕྲིན་ཡིག་འབྱོར་རྗེས་ངས་ལོ་20ཡི་གོང་ཁྱེད་ཚོའི་སློབ་གྲྭར་རྩིག་རྨང་འདིང་བའི་གནས་ཚུལ་དྲན་བྱུང་། ལོ་འདི་དག་རིང་སློབ་གཉེར་ཇི་ཙམ་གཉེར་བ་དེ་ཙམ་གྱིས་ལེགས་སུ་སོང་བ་དང་། སློབ་གྲོགས་ཚོ་སློབ་སྦྱོང་ལ་འབད་བརྩོན་དང་། ངལ་རྩོལ་ལ་དགའ་ཞེན། བདེ་ཐང་དང་སྤྲོ་སྣང་ལྡན་པའི་ངང་འཚར་ལོངས་བྱུང་བ་ཤེས་དུས་ང་རང་ཧ་ཅང་དགའ་པོ་བྱུང་ཞེས་གསུངས་ཡོད་པ་རེད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ལོ་ཆུང་བྱིས་པ་ནི་མེས་རྒྱལ་གྱི་འབྱུང་འགྱུར་ཡིན། ཕ་ཡུལ་འཛུགས་སྐྲུན་ཡག་པོ་བྱེད་པ་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་ཁྱེད་ཚོའི་མི་རབས་འདིས་རྒྱུན་མཐུད་འབད་འཐབ་བྱེད་དགོས། སློབ་གྲོགས་ཚོས་ཕུགས་བསམ་ཆེན་པོ་འཆང་བ་དང་།
(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)
མཛེས་སྡུག་ལྡན་པའི་དུས་སྐབས་ལ་གཅེས་སྤྲས་བྱེད་པ། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བཅས་བྱེད་པ། ཏང་གཅེས་རྒྱལ་གཅེས་དང་། རང་ཚུགས་རང་དར། འབད་འབུངས་ཡར་བརྩོན་བཅས་བྱས་ནས་དུས་རབས་གསར་པའི་ལོ་ཆུང་བཟང་པོ་ཞིག་བརྩོན་ལེན་བྱས་ཏེ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་འཁུར་ཐུབ་པའི་རྐང་འཛིན་པ་ཆགས་རྒྱུར་འབད་བརྩོན་བྱེད་རྒྱུའི་རེ་བ་ཡོད།
ཀྲི་ཅང་སློབ་ཆུང་དེ་སྔ་ནི་སི་ཁྲོན་ཞིང་ཆེན་ནན་ཁྲུང་གྲོང་ཁྱེར་ཅ་ལིང་ཆུས་ཀྱི་རི་ཁུལ་སློབ་ཆུང་ཞིག་ཡིན་པས་རི་མཐོ་ལམ་གཟར་ལ་སློབ་གྲྭའི་ཁང་པའང་གོག་ཧྲུལ་ཡིན། 2004ལོར་ཀྲེ་ཅང་ཞིང་ཆེན་གྱི་ཁ་གཏད་རོགས་སྐྱོར་འོག་སློབ་གྲྭ་དེ་གནས་སྤོས་གསར་སྐྲུན་བྱས་པ་དང་སྐབས་དེ་དུས་ཀྲེ་ཅང་ཞིང་ཨུད་ཀྱི་ཧྲུའུ་ཅི་གནང་བཞིན་པའི་ཞི་ཅིན་ཕིང་གིས་ལོ་དེའི་ཟླ་5པར་སློབ་གྲྭར་རྩིག་རྨང་བཏིང་གནང་བ་རེད། 2005ལོའི་ཟླ་9པར་སློབ་གྲྭ་དངོས་སུ་སྤྱོད་འགོ་ཚུགས་པས་སློབ་གཉེར་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་། ད་ལྟ་སློབ་གྲྭ་འདིར་སློབ་ཆུང་སློབ་མ་287ཡོད། ཉེ་ཆར། ཀྲི་ཅང་སློབ་ཆུང་ལོ་རིམ་ལྔ་པའི་འཛིན་གྲྭ་དང་པོའི་སློབ་མ་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་སྙན་སེང་ཞུས་ཏེ་དྲིན་ཚོར་གྱི་བསམ་པ་དང་དུས་རབས་གསར་པའི་ལོ་ཆུང་ཡག་པོ་ཞིག་བྱེད་རྒྱུའི་ཆོད་སེམས་མཚོན་པར་བྱས་པ་རེད།
(བདེ་དབང་དང་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)