《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月01日

༄༅། །ཕ་མའི་སྙིང་ནོར།

ཁམས་ཟླ་སྲས།

བྱིས་པ་ཁྱེད་ཚོ་ཕ་མའི་སྙིང་ནོར་ཡིན། །

བྱིས་པ་ཁྱེད་ཚོ་མེས་པོའི་ཤུལ་འཛིན་ཡིན། །

བྱིས་པ་ཁྱེད་ཚོ་མཁའ་དབྱིངས་གླག་རྒོད་ཡིན། །

བྱིས་པ་ཁྱེད་ཚོ་མེས་པོའི་སྙིང་སྟོབས་ཡིན། །

བྱིས་པ་ཁྱེད་ཚོ་ཨ་མའི་ཡོད་ཚད་ཡིན། །

ཁྱེད་ཚོའི་ཆེད་དུ་ཚེ་སྲོག་བློས་གཏོང་ཕོད། །

བྱིས་པ་ཁྱེད་ཚོ་ཨ་ཕའི་སྙིང་ནོར་ཡིན། །

ཁྱེད་ཚོའི་ཆེད་དུ་དཀའ་སྡུག་འཛེམ་པ་མེད། །

བྱིས་པ་ཁྱེད་ཚོ་འབྱུང་འགྱུར་བདག་པོ་ཡིན། །

མ་འོངས་འཚོ་བའི་མེ་ལོང་ནང་ལ་འཆར། །

བྱིས་པ་ཁྱེད་ཚོ་མུན་སེལ་སྒྲོན་མེ་ཡིན། །

སྐྱ་རེངས་ལམ་བུར་ཕྱོགས་ནས་མདུན་དུ་སྐྱོད། །

བྱིས་དུས་འཚོ་བའི་རྩེད་ར་མིག་ལ་མཛེས། །

བྱིས་དུས་འཚོ་བའི་གནས་སྟངས་ངོ་མཚར་ཆེ། །

བྱིས་དུས་འཚོ་བའི་དཀའ་སྡུག་སེམས་ན་མེད། །

བྱིས་དུས་གཡའ་དག་སེམས་ལ་ནག་ནོག་མེད། །

བྱིས་དུས་འཚོ་བའི་གཏམ་རྒྱུད་སྣ་ཚོགས་ཡོད། །

བྱིས་དུས་འཚོ་བའི་སྣང་བརྙན་ཡི་གར་འོང་། །

བྱིས་དུས་འཚོ་བའི་མཐུན་རྐྱེན་སྣ་མང་ཡོད། །

བྱིས་དུས་འཚོ་བའི་མེ་ལོང་ཁྱེད་ཚོ་ཡིན། །

བྱིས་དུས་འཚོ་བའི་འཇིག་རྟེན་དྭངས་མོ་ཡིན། །

བྱིས་དུས་འཚོ་བར་གནོན་ཤུཌ་སེམས་ཁྲལ་མེད། །

བྱིས་དུས་འཚོ་བའི་དཀར་ངོགས་ཕྱེ་བ་ན། །

བྱིས་དུས་འཚོ་བའི་ཟླ་འོད་ཡིད་ལ་སིམ། །