《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月31日

ལྷོ་ཁ་གྲོང་ཁྱེར་གྱིས།

མཚན་ཁྲོམ་དུ་ཁྲིམས་ལུགས་ཁྱབ་གདལ་ བྱེད་སྒོ་གཏིང་ཟབ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ལྷོ་ཁ་གྲོང་ཁྱེར་ཁྲིམས་ལུགས་ཁྱབ་གདལ་གཞུང་ལས་ཁང་གིས་སྣེ་ཁྲིད་ནས་གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ལུགས་ཁྱབ་གདལ་ཁོངས་མིའི་ཚན་པ་གཙོ་བོ་21སྒྲིག་འཛུགས་བྱས་ཏེ། མཚན་ཁྲོམ་དུ་ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲཌ་བྱེད་སྒོ་དང་ལྷོ་ཁ་གྲོང་ཁྱེར་གྱི་2024ལོའི“དམངས་དོན་ཁྲིམས་གཞུང་དྲིལ་བསྒྲཌ་ཟླ་བའི”ཕྱོཌ་བསྡུས་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཁྲིམས་ལུགས་ཁྱབ་གདལ་བྱེད་སྒོའི་སྤྲོ་སྣང་རང་བཞིན་ཆེ་རུ་གཏོང་ཆེད། ལྷོ་ཁ་གྲོང་ཁྱེར་ཁྲིམས་ལུགས་ཁྱབ་གདལ་གཞུང་ལས་ཁང་གིས“ཁྱེད་ཀྱིས་དྲི་བ་བཏོན་ནས་ང་ཡིས་ལན་བཏབ”དམངས་དོན་ཁྲིམས་གཞུང་གི་སྤྲོ་འཕེལ་འཁོར་ལོ་ཆེན་པོར“མིང་རྟགས་འགོད་པའི”ཁྲིམས་ལུགས་ཁྱབ་གདལ་སྤྲོ་འཕེལ་བྱེད་སྒོའི་ས་ཚིགས་བཙུགས་པ་རེད། དམངས་དོན་ཁྲིམས་གཞུང་ཤེས་བྱའི་དྲི་བ་དྲིས་ལན་གྱི་མཉམ་འགུལ་བྱེད་སྒོར་ཞུགས་མཁན་གྱི་གྲོང་མི་མང་ཚོགས་ཡིན་ཕྱིན་ཚང་མར“དམངས་དོན་ཁྲིམས་གཞུང་གི་སྤྲོ་འཕེལ་འཁོར་ལོ་ཆེན་པོ”སྐོར་བའི་གོ་སྐབས་ཐེངས་གཅིག་ཐོབ་ནས་བྱ་དགའ་ཡོད་པའི་བྱེད་སྒོར་ཞུགས་རྒྱུ་དང“ཁྲིམས་བཀུར་ཁྲིམས་སྦྱོང་ང་ཡིས་སྔོན་ལ་སྐྱོད། ཁྲིམས་སྲུང་སྤྱི་དམངས་བྱེད་པར་ང་ཡིས་འབད”ཅེས་པའི་མིང་རྟགས་འགོད་པའི་བྱེད་སྒོར་ཞུགས་མཁན་གྱི་གྲོང་མི་མང་ཚོགས་ཚང་མར“ཁྲིམས་སྐྱོང་བྱ་དགའ་ལེན་པའི”གོ་སྐབས་ཐེངས་གཅིག་ཐོབ་ཀྱི་ཡོད།

བསྡོམས་རྩིས་བརྒྱབ་པར་གཞིགས་ན། ད་ཐེངས་མཚན་ཁྲོམ་དུ་ཁྲིམས་ལུགས་ཁྱབ་གདལ་གྱི་བྱེད་སྒོ་སྤེལ་བར་ཁྱོན་ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་དཔྱད་ཡིག7820དང་རིགས་མི་འདྲ་བ་108ཀྱི་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་དངོས་རྫས་2551སྤྲད་ཅིང་། མིང་རྟགས་འགོད་པའི་བྱེད་སྒོར་མི་206ཞུགས་པ་དང་། ཁྲིམས་ལུགས་ཁྱབ་གདལ་སྤྲོ་འཕེལ་བྱེད་སྒོར་གྲོང་མི་མང་ཚོགས་མི་ཐེངས་507ཞུགས་པ། ཁྲིམས་ལུགས་བློ་འདྲི་ཁག་17ལ་ལན་བཏབ་པ་བཅས་བྱས་ཡོད། (ཟླ་ཕུར་གྱིས་བསྒྱུར། པ་སངས་ཀྱིས་ཞུས)