《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月31日

རྒུན་འབྲུམ་ཐོན་ལས་སྟོབས་ཆེར་བཏང་། འབབ་འཕར་ཕྱུག་འགྱུར་ཡོང་བར་འབད།

ཟངས་རི་རྫོང་གི་ཆ་སྙོམས་ས་བབ་མཐོ་ཚད་སྨི་3600ཟིན་གྱི་ཡོད་པས། རྫོང་དེས་ས་གནས་དེ་གའི་ས་ཁམས་ཆགས་ཚུལ་དང་གནམ་གཤིས་ཀྱི་ལེགས་ཆར་བརྟེན་ནས་སྤྱི་གནོད་མེད་པ་དང་ལྗང་མདོག་སྤུས་ལེགས་ཀྱི་སྐྱེ་ལྡན་རྒུན་འབྲུམ་འདེབས་འཛུགས་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད། ཉེ་བའི་ལོ་ཤས་རིང་། ཧུའུ་ནན་བོད་སྐྱོར་གྱི་རྒྱབ་སྐྱོར་ཤུགས་ཆེན་འོག ཟངས་རི་རྫོང་རྒུན་འབྲུམ་རྟེན་གཞིའི་རྒྱ་སྟོབས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ནས། “ཀུང་སི་དང་། རྟེན་གཞི། ཞིང་དུད་བཅས་ཟུང་དུ་འབྲེལ་བའི”བྱེད་སྟངས་སྤྱད་དེ་གསོ་སྤེལ་ཚད་ལྡན་ཅན་དང་སྣ་ཁ་ས་ཁོངས་ཅན་ནས་དོ་དམ་ཚད་ལྡན་ཅན་བར་གྱི་རྒུན་འབྲུམ་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་བས། ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་ཐུབ་ཡོད་ཅིང་། འདི་ནི་ཟངས་རི་རྫོང་གི་རྒུན་འབྲུམ་རྟེན་གཞིའི་ལས་དོན་པས་རྒུན་འབྲུམ་སྡོང་པོར་ཡལ་གཅོད་རྒྱག་བཞིན་པ།