《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月31日

མགོ་ཕུ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས།

ཞིང་འབྲོག་མང་ཚོགས་ལ་སོན་བཟང་ དང་རྫས་ལུད་སྤྲད་པ།

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་ལྷ་རྒྱལ་ཤང་མགོ་ཕུ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་དང་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱས་པ་བརྒྱུད། སྔོན་ནས་གྲ་སྒྲིག་བྱས་པའི་རྒྱ་མ་15500ཟིན་པའི་སོན་བཟང“ཧི་མ་ལ་ཡ་ཨང་22པ”རྩྭ་རས་155(རྩྭ་རས་རེར་རྒྱ་མ་100ཡོད་པ)དང་རྒྱ་མ་56160ཟིན་པའི་སྐྱེ་ལྡན་རྫས་ལུད་རྩྭ་རས་702(རྩྭ་རས་རེར་རྒྱ་མ་80ཡོད་པ)ཚང་མ་མུའུ་351ཟིན་པའི་རིམ་པ་གཉིས་པའི་སོན་ཞིང་འཛུགས་སྐྲུན་དང་འབྲེལ་བ་ཡོད་པའི་དུད་ཚང་16གི་ཞིང་འབྲོག་པར་སྤྲད་དེ། དཔྱིད་རྨོད་དཔྱིད་གྲབས་ཀྱི་གྲ་སྒྲིག་ལས་དོན་སྤེལ་ནས། རིམ་པ་གཉིས་པའི་སོན་ཞིང་འཛུགས་སྐྲུན་བྱེད་འགོ་བརྩམས་ཏེ་སྟོན་ཁར་ལོ་ལེགས་ཡོང་བར་འགན་ལེན་བྱས་ཡོད།

ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་ལྷ་རྒྱལ་ཤང་མགོ་ཕུ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་འགན་འཁུར་བས། གྲོང་ཚོའི་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ“ཧི་མ་ལ་ཡ་ཨང་22པའི”རིམ་པ་གཉིས་པའི་སོན་ཞིང་ཐོན་སྐྱེད་བྱེད་སྟངས་དང་ཐོན་ལས་འཕེལ་རྒྱས་གཏོང་སྟངས་ཁྱབ་གདལ་བཏང་ནས་ལག་རྩལ་སྡེབ་སྒྲིག་ལ་སྐུལ་འདེད་གཏོང་བ་དང་། ས་ཞིང་གི་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བ། མ་གནས་གྲོན་ཆུང་དང་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱས་ནས་ཞིང་ལས་ཀྱི་ཕན་འབྲས་ཆེ་རུ་དང་ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་གི་ཡིན་ཞེས་བརྗོད།

(ཟླ་ཕུར་གྱིས་བསྒྱུར། པ་སངས་ཀྱིས་ཞུས)