ཉེ་ཆར་གནམ་གཤིས་དྲོ་རུ་ཕྱིན་པ་དང་ཆབས་ཅིག བོད་དུ་ཡུལ་སྐོར་ལ་ཡོང་མཁན་མང་དུ་འགྲོ་བཞིན་ཡོད། འདི་ནི་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་དཔལ་དི་ཤང་སྲིད་འཛིན་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག་གིས་གཟབ་མཆོར་ལེགས་པར་སྤྲས་ནས་ཡར་འབྲོག་གཡུ་མཚོར་ཡུལ་སྐོར་དུ་ཡོང་མཁན་དང་མཉམ་དུ་སྒོར་གཞས་འཁྲབ་བཞིན་པ།