འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉེ་དུས་གམ་པ་རྫོང་ས་གཤིས་གནོད་འཚེ་འགོག་གཡོལ་གྱི་འཕྲལ་སྡོམ་ནང་སྦྱོང་གྲང་རླུང་ཤང་ཐེ་བོང་གྲོང་ཚོར་བྱས་པ་རེད།
ནང་སྦྱོང་ནང་ཚོགས་ཆུང་ཁག་གིས་ལས་བགོས་གསལ་པོ་རྒྱག་པ་དང་། གཞོགས་འདེགས་ཧུར་ཐག་བྱེད་པ། མཉམ་ལས་དམ་ཟབ་བྱེད་པ་བཅས་ལ་བརྟེན་ནས་སྔོན་ཇུས་ཤོག་ཐོག་ནས་ལག་ལེན་དངོས་སུ་བསྟར་ཏེ། སྔོན་གཏན་འཁེལ་བའི་ཕྱིར་འཐེན་ལམ་ཐིག་གཞིར་བཟུང་དུས་ཐོག་ཏུ་གོ་རིམ་ལྡན་པའི་ངང་གྲོང་མི་བདེ་འཇགས་ཁུལ་དུ་ཕྱིར་འཐེན་བྱས་པ་རེད། གཞན་ཡང་དྲག་ཆར་ལ་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ནས་ཉེན་བརྡ་གཏོང་བ་དང་། འཕྲལ་སྡོམ་བརྡ་ལན་སྤྲོད་པ། ཆ་འཕྲིན་གོང་ཞུ་བྱེད་པ། མང་ཚོགས་ཕྱིར་འཐེན་བྱེད་པ། རྨས་མ་སྐྱོབ་བཅོས་བྱེད་པ་སོགས་ཀྱི་ནང་སྦྱོང་ལེགས་སྒྲུབ་ཡག་པོ་བྱུང་བ་རེད།
གམ་པ་རྫོང་གི་འབྲེལ་ཡོད་འགན་འཁུར་བས་གོམ་སྟབས་རྗེས་མར་ཆུ་ལོག་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་སྔོན་བརྡ་ཉེན་བརྡ་གཏོང་བའི་ལམ་སྲོལ་ལ་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་སྟེ་སྔོན་འགོག་གཙོ་བོ་དང་། དཔྱད་འགོག་མཉམ་སྤེལ། ཚན་རིག་བཅོས་སྐྱོང་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས་ས་གཤིས་གནོད་འཚེ་འགོག་པའི་ལས་དོན་གྱི་རང་འགུལ་དམག་འཐབ་ཡག་པོ་རྒྱག་པ་དང་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།
(ལྷ་དབང་དང་ཚེ་ལྷས་སྒྱུར་ཞུས་བྱས)