འཛམ་གླིང་གི་དུ་མེད་ཉིན་མོར་འཛམ་གླིང་གི་རྡོ་ཐ་མེད་པའི་ཉིན་མོའང་ཟེར། དེ་ནི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་1987ལོར་བཙུགས་པ་དང་ད་ཆ་ལོ་ལྟར་གྱི་ཟླ་5ཚེས་31ཉིན་ནི་འཛམ་གླིང་གི་དུ་མེད་ཉིན་མོ་རེད། འཛམ་གླིང་གི་དུ་མེད་ཉིན་མོ་དང་པོ་དེ་ནི་1988ལོའི་ཟླ་4ཚེས་7ཉིན་ཡིན་པ་དང་། 1989ལོ་ནས་བཟུང་འཛམ་གླིང་གི་དུ་མེད་ཉིན་མོ་དེ་ལོ་ལྟར་གྱི་ཟླ་5ཚེས་31ཉིན་ལ་གཏན་འཁེལ་བྱས་པ་རེད། འཛམ་གླིང་གི་དུ་མེད་ཉིན་མོའི་དོན་སྙིང་ནི་ཐ་མག་མི་འཐེན་པའི་འདུ་ཤེས་བརྒྱུད་བསྒྲགས་བྱ་རྒྱུ་དེ་རེད། འོན་ཀྱང་ལོ་རེར་ལྟེ་བའི་བརྗོད་དོན་གཙོ་བོ་རེ་ཡོད་པ་དང་ལོ་དེར་རྡོ་ཐ་དང་ཐ་མག་མི་འཐེན་པའི་ཐད་དམིགས་བསལ་དོ་ཁུར་བྱེད་རིན་ཡོད་པའི་བརྗོད་གཞི་ཞིག་མཚོན་ཆེད་ཡིན། འཛམ་གླིང་ས་གནས་ཁག་གིས་ཀྱང་དེ་དང་ལེན་བྱ་ཆེད་དེ་ཉིན་དྲིལ་བསྒྲགས་བྱེད་སྒོ་སྣ་ཚོགས་སྤེལ་གྱི་ཡོད།