ཧུའུ་པེ་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་གིས་ནང་འདྲེན་བྱས་པའི་བོད་ལྗོངས་ཧུང་ནུང་ཡོངས་ཁྱབ་རིག་ལྡན་བོད་བྱའི་ཐོན་ལས་གླིང་གི་རྣམ་གྲངས་ཀྱིས་ཚན་རྩལ་སྟོབས་ཤུགས་ལ་བརྟེན་ཏེ་སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་རམ་འདེགས་བྱས་ནས་བོད་བྱ་གསོ་སྤེལ་ལྟེ་བར་བྱེད་པའི་གཟན་ཆག་ལས་སྣོན་དང་། སྒོ་ང་དབྱེ་གསེད་ཐུམ་སྒྲིལ། སྐྱེ་ལྡན་ལུད་ཐོན་སྐྱེད། ཞིང་ལས་ཐོན་རྫས་ལས་སྣོན། སྐྱེ་ལྡན་འདེབས་འཛུགས་ཀྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་གཉེར་སྐྱོང་བཅས་ཚུད་པའི་ཞིང་ལས་ཀྱི་རྣམ་པ་ཞིག་ཆགས་པར་བྱས།
①འདི་ནི་བོད་བྱའི་ཐོན་ལས་གླིང་གི་སྤྱིའི་རྣམ་པ་ཡིན་པ།
②འདི་ནི་ལག་རྩལ་པས་བྱ་ཚང་ལ་ལྟ་ཞིབ་བྱེད་བཞིན་པ།
③འདི་ནི་གྲུང་ཤ་དོད་པའི་བྱ་ཕྲུག་ཡིན་པ།
④འདི་ནི་དཔེ་གསར་གྱི་བྱ་ཚང་ཡིན་པ།