《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月31日

2024ལོའི་གཞིས་རྩེ་གྲོང་ཁྱེར་གྱི་དངུལ་རྩའི་ཚན་རྩལ་བྱེད་སྒོའི་གཟའ་འཁོར་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར་མི་དམངས་དངུལ་ཁང་གཞིས་རྩེ་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་2024ལོའི་གཞིས་རྩེ་གྲོང་ཁྱེར་དངུལ་རྩའི་ཚན་རྩལ་བྱེད་སྒོའི་གཟའ་འཁོར་གྱི་འགོ་ཚུགས་མཛད་སྒོ་དང་གཞིས་རྩེ་གྲོང་ཁྱེར་གྱི་གྲངས་གཞི་ཆེན་པོའི་ལྟེ་གནས་སུ་ལྟ་སྐོར་སྤེལ་རེས་ཀྱི་བྱེད་སྒོ་སྤེལ་བ་དེ་ཐོག་ནས། “ཚན་རིག་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་བཏང་ནས་སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་གསོན་ཤུགས་འཕེལ་བར་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་2024ལོའི་ཚན་རྩལ་བྱེད་སྒོའི་གཟའ་འཁོར་འགོ་ཚུགས་པ་མཚོན་གྱི་ཡོད།

ཉིན་དེར་གྲོང་ཁྱེར་ཡོངས་ཀྱི་དངུལ་རྩའི་ཚན་རྩལ་ལས་དོན་པས་གཞིས་རྩེ་གྲོང་ཁྱེར་གྱི་གྲངས་གཞི་ཆེན་པོའི་ལྟེ་གནས་ཀྱི་འགྲེམས་སྟོན་ཚོམས་ཆེན་དང་འཕྲུལ་ཁང་ལྟེ་གནས་ལ་ལྟ་སྐོར་བྱས་པ་དང་། ལྟེ་གནས་ཀྱི་འགན་འཁུར་བློ་མཐུན་གྱིས་གློག་རྡུལ་འགྲེམས་སྟོན་ལས་སྟེགས་བརྒྱུད་གཞིས་རྩེའི་གྲངས་གཞི་ཆེན་པོའི་ལྟེ་གནས་ཀྱི་འཛུགས་སྐྲུན་ལོ་རྒྱུས་དང་། ལས་སྟེགས་ཀྱི་གནས་ཚུལ་མདོར་བསྡུས། གྲུབ་འབྲས་སོགས་ངོ་སྤྲོད་ཞིབ་ཕྲ་བྱས་པ་རེད། གཞན་ཡང་དངུལ་ཁང་སྒྲིག་གཞི་ཁག་གིས་དངུལ་ཁང་ཁག་གི་དངུལ་རྩའི་གྲངས་འཛིན་ཅན་འཕེལ་རྒྱས་ཀྱི་གནས་ཚུལ་དང་དེ་བཞིན་ཁྱད་ལྡན་གྲངས་འཛིན་ཅན་གྱི་ཐོན་རྫས་དང་ཞབས་ཞུ་ངོ་སྤྲོད་བྱས་པ་མ་ཟད། གཞིས་རྩེ་གྲོང་ཁྱེར་གྲངས་གཞི་ལྟེ་གནས་ཀྱི་ལས་དོན་པས་ད་དུང་གཞིས་རྩེ་གྲོང་ཁྱེར་གྱི་གྲངས་གཞི་ཆེན་པོའི་ལྟེ་གནས་ཀྱི་མིག་སྔའི་ཉེར་སྤྱོད་རྣམ་པ་བཅུ་གསར་སྤེལ་བྱས་ཚུལ་ངོ་སྤྲོད་བྱས་ཤིང་། དེའང་ཞིང་འབྲོག་ལས་ལས་རིགས་ཀྱི་ཉེར་སྤྱོད་རྣམ་པར་དཔེར་བཞག་ནས“6+N”ཁྱད་ལྡན་ཐོན་ལས་དང་ཞིང་འབྲོག་ཐོན་ལས་ཀྱི་བཀོད་པ་བཏོད་ཡོད་ཅིང་། ཟོག་འབྲེལ་དྲ་རྒྱ་དང་སྤྲིན་རྩིས་སོགས་ཀྱི་ལག་རྩལ་སྤྱད་དེ་རྨོ་ཞིང་སྲུང་སྐྱོང་དང་ནས་འདེབས་འཛུགས་སོགས་ཐོན་སྐྱེད་འབྲེལ་ཐག་གི་གཙོ་གནད་ལྷུ་ཚིགས་ལ་གྲངས་འཛིན་ཅན་གྱི་ཞབས་འདེགས་ཞུས་ནས་གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ལུགས་ངོ་སྤྲོད་བྱས་པ་རེད།

བྱེད་སྒོའི་གཟའ་འཁོར་རིང་མི་དམངས་དངུལ་ཁང་གཞིས་རྩེ་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་ད་དུང་གྲོང་ཁྱེར་ཡོངས་ཀྱི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞི་ཁག་སྒྲིག་འཛུགས་བྱས་ཏེ། ཁེ་ལས་དང་། སློབ་གྲྭ སྡེ་ཁུལ། ཞིང་འབྲོག་ཁུལ་སོགས་སུ་སྐྱོད་པའི་བྱེད་སྒོ་རབ་དང་རིམ་པ་མུ་མཐུད་སྤེལ་ནས་སྤྱི་ཚོགས་ཡོངས་སུ་ཤེས་བྱར་བརྩི་བཀུར་དང་། གསར་གཏོད་ལ་བརྩི་མཐོང་། ཤེས་ལྡན་པར་བརྩི་འཇོག་བཅས་བྱེད་པའི་རྣམ་པ་ཟབ་མོ་ཆགས་པར་སྐུལ་འདེད་གཏོང་རྒྱུ་རེད།

(དབང་སྒྲོན་སྐྱིད་ཀྱིས་བསྒྱུར། སྤེན་ཚེས་ཞུས)