བློ་མཐུན་ཀརྨ་ཚེ་བརྟན་གྱི་ལས་ཀར་འགྱུར་ལྡོག་བྱུང་བའི་དབང་གིས་སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ནས་དགོངས་པ་ཞུ་རྒྱུའི་རེ་བ་བཏོན་པ་བཞིན། སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བདུན་པའི་ཐོག་སྲིད་གྲོས་ཀྱི་སྒྲིག་ཡིག་དོན་ཚན་ཉེར་བརྒྱད་པའི་གཏན་འབེབས་གཞིར་བཟུང་། བློ་མཐུན་ཀརྨ་ཚེ་བརྟན་གྱི་དགོངས་ཞུ་དང་ལེན་བྱས་པ་རེད།