བློ་མཐུན་ཀརྨ་ཚེ་བརྟན་གྱི་ལས་ཀར་འགྱུར་ལྡོག་བྱུང་བའི་དབང་གིས་སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བདུན་པའི་ཐོག་བློ་མཐུན་ཀརྨ་ཚེ་བརྟན་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པའི་གོ་གནས་མི་འཁུར་བ་དང་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པར་ཐོ་འགོད་སྙན་སེང་ཞུ་རྒྱུའི་གཏན་འབེབས་བྱས་པ་རེད།