《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月29日

མང་ཚོགས་ཀྱི་སྒོ་རྩར་བསྐྱོད་དེ་ཞབས་འདེགས་ཞུས་པ།

—— སྐོར་སྐྱོད་རླངས་འཁོར་དོ་དམ་སུའོ་ཡིས་དམངས་དང་ཁེ་ལས་ལ་ཞབས་ཞུའི་བྱེད་སྒོ་སྤེལ་བའི་སྐོར་བཀོད་པ།

གྲོང་གསེབ་ཏུ“སྐོར་སྐྱོད་ཁྲིམས་ར”འཚོགས་པ།

ཉེ་ཆར། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་མི་དམངས་ཁྲིམས་ཁང་གི“སྐོར་སྐྱོད་ཁྲིམས་ར”ཚྭ་རགས་ཤང་ས་སྨད་གྲོང་ཚོར་འཚོགས་ཏེ། ར་བཟི་འཁོར་གཏོང་གི་གྱོད་གཞི་ཞིག་ལ་ཡོངས་བསྒྲགས་ཞིབ་དཔྱད་བྱས་པ་རེད། ཁྲིམས་ཁང་གི་ལས་དོན་པས་གྱོད་གཞིར་བརྟེན་ནས་བཅའ་ཁྲིམས་དྲིལ་བསྒྲགས་བྱས་པ་མ་ཟད། ཆང་བཏུང་འཁོར་གཏོང་དང་ར་བཟི་འཁོར་གཏོང་གི་གྱོད་གཞིར་དམིགས་ནས་མང་ཚོགས་ལ་འབྲེལ་ཡོད་བཅའ་ཁྲིམས་ཤེས་བྱ་ཁྱབ་གདལ་སློབ་གསོའི་ལས་དོན་སྤེལ་ཞིང་། འདི་ནི་ཁྲིམས་ལུགས་དྲིལ་བསྒྲགས་བྱེད་བཞིན་པ།

ཉེ་ཆར། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་དང་མཉམ་དུ་བོད་ལྗོངས་མཐོ་བརྩོན་དམངས་སྤྱོད་འབར་རྫས་ཚད་ཡོད་ཀུང་སིར“སྐོར་སྐྱོད་རླངས་འཁོར་དོ་དམ་སུའོ”ཡི་དམངས་དང་ཁེ་ལས་ལ་ཕན་པའི་ཞབས་ཞུའི་བྱེད་སྒོ་སྤེལ་བའི་མཛད་སྒོ་འཚོགས་པ་རེད། དེ་ནི་རང་ལྗོངས་ཀྱི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ཀྱི་རླབས་རྒྱུན་གསར་པ་དང་བསྟུན་ནས་མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་དང་འཚམ་པ་དང་། མི་དམངས་མང་ཚོགས་ཀྱི་རེ་འདུན་གསར་པ་སྐོང་བ། སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་སྤྱི་བདེའི་འགྲིམ་འགྲུལ་དོ་དམ་ལས་དོན་གསར་གཏོད་བཅས་ཀྱི་བྱ་ཐབས་གལ་ཆེན་ཞིག་རེད།

“དེ་ནས་ལག་ཁྱེར་གཉེར་ཐུབ་པ་ཐོས་བྱུང་། ཞོགས་པ་དེ་གར་ལག་ཁྱེར་གཉེར་བར་ཡོང་བ་ཡིན། བསམ་ཡུལ་ལས་འདས་པར་ལག་ཁྱེར་མགྱོགས་པོ་རག་བྱུང”ཞེས་དཔལ་འབྱོར་གསར་སྤེལ་ཁུལ་གྱི་གྲོང་མི་ལིའུ་ལགས་ཀྱིས་དགའ་སྤྲོའི་ངང་བཤད།

“ཚུར་གཟིགས་དང་། པར་ཡག་པོ་བྱུང་སོང”ཞེས་ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་རླངས་འཁོར་དོ་དམ་སུའོ་ཡི་མི་དམངས་ཉེན་རྟོག་པ་ཞུས་ཡུས་དབྱིན་གྱིས་བོད་ལྗོངས་མཐོ་བརྩོན་དམངས་སྤྱོད་འབར་རྫས་ཚད་ཡོད་ཀུང་སིའི་ཁ་ལོ་བ་དབྱང་ཁྲེང་གི་ཁ་ལོ་བའི་ལག་ཁྱེར་བརྗེ་བའི་པར་བརྒྱབ།

འགོ་ཚུགས་མཛད་སྒོའི་ས་གནས་ས་ཐོག་ཏུ་གསར་འགོད་པས་ཁེ་ལས་ཀྱི་ལས་བཟོ་དང་ལས་ཞུགས་ཀྱི་གྲོང་མི་འཚང་ཁ་ཤིག་ཤིག་ངང་རླངས་འཁོར་གྱི་འབྲེལ་ཡོད་ལས་སྒོ་གཉེར་བཞིན་པ་མཐོང་བྱུང་།

“སྐོར་སྐྱོད་རླངས་འཁོར་དོ་དམ་སུའོ”ནི་འཕྲིན་གཏོང་སྟེགས་བུ་དང་སྒུལ་བདེའི་ཉེན་རྟོག་འཕྲིན་གཏོང་དྲ་རྒྱ་མཉམ་འདྲེས་བྱས་ཏེ་སྤྱི་བདེ་འགྲིམ་འགྲུལ་དོ་དམ་ཕྱོགས་བསྡུས་ཉེར་སྤྱོད་སྟེགས་བུ་དང་སྦྲེལ་མཐུད་བྱས་ནས་རླངས་འཁོར་གྱི་ལག་ཁྱེར་བརྗེ་བ་དང་། ཞིབ་བཤེར་བྱེད་མི་དགོས་པའི་ལུགས་མཐུན་མཚོན་རྟགས་སྤྲོད་པ། གཏའ་འཇོག་དང་གཏའ་འཇོག་བྱེད་མི་དགོས་པར་ཐོ་འགོད། རླངས་འཁོར་གྱི་གནས་སྐབས་འཁོར་རྟགས་སྤྲོད་པ། ཐོ་བསྒྱུར་བ། ཐོ་བརྗེ་བ་བཅས་ཀྱི་ལས་སྒོ་དང་ཁ་ལོ་བའི་ལག་ཁྱེར་གསབ་བརྗེས་དང་། ལས་སྒོ་བསྒྱུར་བ། གཟུགས་པོའི་དཔང་ཡིག་སྤྲོད་པ། ཁ་ལོ་བར་ཞིབ་དཔྱད། དུས་ཚོད་ནར་འགྱངས་སམ་ཡང་ན་ནར་འགྱངས་དུས་ཚོད་མེད་པར་བཟོ་བ་སོགས་ཀྱི་ལས་སྒོ་གཉེར་བ་རེད།

“སྐོར་སྐྱོད་རླངས་འཁོར་དོ་དམ་སུའོ”ནི་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་མི་དམངས་མང་ཚོགས་ཀྱི་དགོས་མཁོ་དངོས་ལ་གཞིགས་ནས་རང་ལྗོངས་ཀྱི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་གྱི་དམངས་དང་ཁེ་ལས་ལ་ཕན་པའི་སྒྱུར་བཅོས་ཀྱི་གྲུབ་འབྲས་དང་ཉམས་མྱོང་སྔར་བས་ཟབ་ཏུ་གཏོང་བ་དང་། འགྲིམ་འགྲུལ་དོ་དམ་གྱི་དམངས་ཕན་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་མ་ཟད། རང་ལྗོངས་ཀྱི་རླངས་འཁོར་ཞབས་ཞུའི་ཁྱབ་ཁོངས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་པའང་མཚོན་ཡོད།