《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月29日

མངའ་རིས་ས་ཁུལ་གྱིས་གཞི་རིམ་གྱི་མེ་ཟོན་སྟོབས་ཤུགས་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་པ།

འདི་ག་ཚགས་པར་ཁང་དུ་སེང་གེ་ཁ་འབབ་ནས་གློག་འཕྲིན་འབྱོར་གསལ། འདི་ལོ་ཚུན་དུ་མངའ་རིས་ས་ཁུལ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག(གཤམ་དུ“ཉིང་ལག་རུ་ཁག”ཅེས་བསྡུ་རྒྱུ)གིས་གཞི་རིམ་གྱི་མེ་ཟོན་བཅོས་སྐྱོང་གི་ཞན་ཆར་དམིཌ་པ་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་གནད་སྨིན་ཤུགས་འདོན་བྱས་ཏེ“གཞི་རིམ་གྱི་མེ་གསོད་རོགས་སྐྱོབ་དང་མེ་ཟོན་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བའི”འཛུགས་སྐྱོང་ལ་དམ་འཛིན་གྱི་བསམ་ཕྱོགས་ཁ་གསལ་བཟོས་པ་དང་། མངའ་རིས་ས་ཁུལ་གྱི་ཤང་གྲོང་ཁག་དང་ཞིང་འབྲོག་ཁུལ་གྱི་རང་བྱུང་གནོད་འཚེ་དང་མེ་སྐྱོན་སྔོན་འགོག་དང་ཚོད་འཛིན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། གཞི་རིམ་གྱི་མེ་ཟོན་སྟོབས་ཤུགས་འཛུགས་སྐྱོང་གི“རུ་ཁག་རེར་ས་ཚིགས་རེའི”(ཤང་གྲོང་གི་ཆེད་ལས་མེ་ཟོན་རུ་ཁག་དང་མེ་ཟོན་ས་ཚིགས་ཆུང་གྲས)དཔེ་དབྱིབས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ནས། ཤང་གྲོང་གི་མེ་གསོད་རོགས་སྐྱོབ་དང་མེ་སྐྱོན་སྔོན་འགོག་དང་ཚོད་འཛིན་གྱི་རྩ་བ་ཟམ་མི་ཆད་པར་བརྟན་དུ་བཏང་བ་རེད།

གོ་སྐབས་དམ་འཛིན་བྱས་ནས་སྲིད་གཞུང་གིས་གཙོ་ཁྲིད་དང་མཐུན་སྦྱོར་སྐུལ་འདེད་བཏང་ཞིང་། ཉིང་ལག་རུ་ཁག་གིས་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་གཞི་རིམ་གྱི་མེ་ཟོན་ལས་དོན་ལ་ཚད་མཐོའི་དོ་ཁུར་དང་མཐོང་ཆེན་བྱེད་པའི་གོ་སྐབས་བཟང་པོ་དམ་འཛིན་བྱས་ཏེ། བརྟག་ཞིབ་གང་ལེགས་བྱས་པའི་རྨང་གཞིའི་ཐོག་སྲིད་འཛིན་ཀྲུང་ཧྲུའུ་ལ་ཆེད་དོན་སྙན་ཞུ་དང་གཞི་རིམ་གྱི་མེ་ཟོན་སྟོབས་ཤུགས་འཛུགས་སྐྱོང་གི་ཇུས་གཞི་ཕུལ་ནས་སྲིད་འཛིན་ཀུང་ཧྲུའུ་ཡིས་སྒྲིག་གཞི་གཞུང་ལས་ཁང་དང་། ནོར་སྲིད། མི་སྤྱི། འཕྲལ་སྡོམ་སོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་སྒྲིག་འཛུགས་བྱས་ཏེ་གྲོས་མོལ་བྱས་པ་དང《མངའ་རིས་ས་ཁུལ་གྱི་གཞི་རིམ་གྱི་མེ་ཟོན་སྟོབས་ཤུགས་འཛུགས་སྐྱོང་གི་ལག་བསྟར་ཇུས་གཞིར》ཆེད་དོན་ཞིབ་འཇུག་བྱས་པ་དང་འབྲེལ། ཤང་དང་གྲོང་རྡལ་ཁག་གིས་འཆར་གཞི་དང་མཚམས་ཚིགས་ལྟར་འཛུགས་སྐྲུན་ལས་འགན་ལེགས་སྒྲུབ་ཟིན་པར་ཐེངས་གཅིག་རང་ལ་བྱ་དགའ་སྒོར་ཁྲི་40སྤྲོད་རྒྱུའི་ལྕག་སྐུལ་བྱ་ཐབས་བཟོས་ནས་གཞི་རིམ་གྱི་མེ་ཟོན་སྟོབས་ཤུགས་འཛུགས་སྐྱོང་ལ་སྲིད་ཇུས་ཀྱི་འགན་ལེན་དང་དཔལ་འབྱོར་གྱི་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད།

དཔེ་དབྱིབས་གསར་གཏོད་ཀྱིས་ཡུལ་བབ་དང་བསྟུན་ནས་ཚོད་ལྟའི་ལས་དོན་སྤེལ་ཞིང་། “ཚད་གཞི་བཟོས་ནས་དཔེ་སྟོན་དང་འབེན་གཏད་ཚད་བརྒལ”གྱི་འཛུགས་སྐྱོང་ལ་དམ་འཛིན་གྱི་བསམ་ཕྱོགས་གཞིར་བཟུང་། ཉིང་ལག་རུ་ཁག་གིས་གཞི་རིམ་གྱི་མེ་ཟོན་སྟོབས་ཤུགས་འཛུགས་སྐྱོང་གི་གཙོ་གནད་ལ་དམིགས་ཏེ་ས་གནས་ས་ཐོག་ཏུ་བརྟག་ཞིབ་དང་འཚམས་འདྲི་བྱས་ནས་གཞི་རིམ་གྱི་དོན་དངོས་དང་མཐུན་པའི་མེ་ཟོན་སྟོབས་ཤུགས་འཛུགས་སྐྱོང་བྱེད་སྟངས་འཚོལ་ཞིབ་བྱས་པ་རེད། ཧོར་ཤང་གི་རིམ་པ་གཉིས་པའི་ཤང་གྲོང་གི་ཆེད་ལས་མེ་ཟོན་རུ་ཁག་སྔོན་ལ་འཛུགས་སྐྱོང་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས། ཧོར་ཤང་རྨང་གཞིར་བྱས་ཏེ་ཧོར་ཤང་གི་དཔེ་སྟོན་ས་ཚིགས་ལ་བརྟེན་ནས་ས་ཚིགས་ཀྱི་མེ་གསོད་རོགས་སྐྱོབ་ལག་རྩལ་དང་འཐབ་རྩལ་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ་དང་། མཉམ་འབྲེལ་ལས་སྒྲུབ་མཉམ་འགུལ་དང་དང་ལེན་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་རུ་ཁག(ས་ཚིགས)གི་མཉེན་ཆས་དང་མཁྲེགས་ཆས་ཀྱི་སྒྲིག་བཀོད་ཕྱོགས་ཡོངས་ནས་ལེགས་སུ་བཏང་ནས། གཞི་རིམ་གྱི་མེ་ཟོན་སྟོབས་ཤུགས་འཛུགས་སྐྱོང་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་བས་སྤྱི་ཡོངས་ནས་སྐུལ་འདེད་དང་འགྲན་རྩོད་ངང་འཕེལ་རྒྱས་འགྲོ་ཐུབ་པའི་འགན་ལེན་བྱས་པ་རེད།

བརྟན་ཐོག་ཡར་འཕེལ་ཡོང་བར་བྱས་ནས་ལས་ཀའི་བྱེད་ཐབས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ཅིང་། གཞི་རིམ་གྱི་མེ་ཟོན་སྟོབས་ཤུགས་འཛུགས་སྐྱོང་ལ་ལས་ཕྱོད་ཆེན་པོས་སྤྱི་འདོམས་སྐུལ་འདེད་གཏོང་ཆེད། ཉིང་ལག་རུ་ཁག་ཏང་ཨུད་ཀྱིས་འཕྲལ་མར་ཚོགས་འདུ་འཚོགས་ནས་གཙོ་འགན་འཁུར་མཁན་གྱིས་དངོས་སུ་དམ་འཛིན་དང“རུ་ཁག་གཅིག་དང་ས་ཚིགས་གཅིག”འཛུགས་སྐྱོང་ལ་ཇུས་འགོད་གཏིང་ཟབ་བྱས་ཏེ། མི་སྣ་སྒྲིག་འཛུགས་དང་། འཛུགས་སྐྱོང་ལ་སྐུལ་འདེད། ལྟ་སྐུལ་ཞིབ་བཤེར་རྩིས་ལེན་སོགས་ཀྱི་ལས་ཀའི་འགན་འཁྲི་ཁ་གསལ་བཟོས་པ་མ་ཟད། ཐུན་མོང་གི་ངོས་འཛིན་ཐུབ་ནས་གཞི་རིམ་གྱི་མེ་ཟོན་སྟོབས་ཤུགས་འཛུགས་སྐྱོང་གི་ལས་དོན་དེ་གནས་བབ་ཨང་དང་པོར་འཇོག་པ་དང་། ལོ་ཧྲིལ་པོའི་ལས་ཀའི་གཙོ་གནད་དུ་འཛིན་པ། དོན་དངོས་ལ་གཞི་ཚུགས་པ་དང་། རང་འགུལ་ངང་བྱས་རྗེས་འཇོག་པ། གནད་སྨིན་ཤུགས་འདོན། ལས་ཡུན་ལྡོག་སྒྲིག་བཅས་བྱས་ཏེ་གཞི་རིམ་གྱི་མེ་ཟོན་སྟོབས་ཤུགས་འཛུགས་སྐྱོང་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད། དེའི་རིང་ཉིང་ལག་རུ་ཁག་དང་དེའི་ཁོངས་གཏོགས་ཀྱི་རུ་ཆེན་ཁག་གི་རུ་དཔོན་གྱིས་སྒྲིག་གཞི་གཞུང་ལས་ཁང་དང་། མི་སྤྱི། ནོར་སྲིད། འཕྲལ་སྡོམ་སོགས་འགན་ནུས་སྡེ་ཚན་དང་མཉམ་དུ་གཞི་རིམ་གྱི་མེ་ཟོན་སྟོབས་ཤུགས་འཛུགས་སྐྱོང་དང་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་དོན་གནད་ལ་གྲོས་མོལ་ཐེངས་མང་བྱས་ཏེ་གཞི་རིམ་ལ་དམ་འཛིན་དང་། རྨང་གཞི་འདིང་བ། ཞན་ཆ་སེལ་བ། ཉམས་ཞན་སྟོབས་ཆེར་གཏོང་བ་སོགས་ཀྱི་ལས་ཀའི་བྱེད་ཐབས་ཁ་གསལ་བཟོས་པ་དང་། གཞི་རིམ་གྱི་མེ་ཟོན་སྟོབས་ཤུཌ་འཛུགས་སྐྱོང་འགན་ལེན་དོན་འཁྱོལ་བྱེད་པར་གཙོ་གནད་ཐོག་སྐུལ་འདེད་བཏང་བ། བསམ་གཞིག་གསར་གཏོད་ཟམ་མི་ཆད་པར་བྱས་ཏེ་འཇུར་མིག་གི་དཀའ་གནད་བསལ་ནས་གཞི་རིམ་གྱི་མེ་ཟོན་སྟོབས་ཤུགས་མི་སྣ་བཀོད་སྒྲིག་དང་། གྲོན་དངུལ་འགན་ལེན། ལེ་ལག་ཚང་བའི་སྒྲིག་ཆས་སོགས་འཁོར་སྐྱོད་འགན་ལེན་གྱིས“སྒྲོམ་སྟོང”དང“ཁོག་སྟོང”མི་ཐོན་པ་བྱས་ནས་ས་ཁུལ་ཡོངས་ཀྱི་མེ་ཟོན་བདེ་འཇགས་མ་ལག་འཛུགས་སྐྱོང་དང་ཞིང་འབྲོག་ཁུལ་གྱི་མེ་སྐྱོན་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མེ་ཟོན་བདེ་འཇགས་བཅོས་སྐྱོང་སོགས་ཀྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་བ་རེད།

(བསོད་བདེ་རྒན་པ་དང་སྐལ་མཆོག་གིས་སྒྱུར་ཞུས་བྱས)