《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月29日

ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་མྱུར་བཏང་བ།

ཡིད་རྟོན་ལེགས་པའི་ཞིང་དུད་ཁྲི་6.66ལྷག་ཙམ་ཞིབ་དཔྱད་གཏན་འཁེལ་བྱས་པ།

འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་ཟླ་5ཚེས་27ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་མྱུར་བཏང་ནས“ཡིད་རྟོན”དེ“གྲུབ་འབྲས”སུ་བསྒྱུར་རྒྱུར་སྐུལ་འདེད་བཏང་ཡོད། མིག་སྔའི་བར་གྲོང་ཁྱེར་ཡོངས་ཀྱི་ཞིང་དུད་ལ་དངུལ་བུན་ལག་ཁྱེར་ཁྲི་5.86ལྷག་ཙམ་སྤྲད་པ་དང་དངོས་སུ་ཁྲི་5.4ལྷག་ཙམ་བེད་སྤྱོད་བྱས་པར་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་47.99ཟིན་པ་དེ་དུས་མཚུངས་ལས་8.76%འཕར་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་ལྷོ་ཁ་གྲོང་ཁྱེར་གྱིས་ཡིད་རྟོན་རྫོང་དང་། ཡིད་རྟོན་ཤང(གྲོང)རྡལ་ཡིད་རྟོན་གྲོང་ཚོ་བཅས་ཀྱི་ཞིབ་དཔྱད་གཏན་འཁེལ་ལས་དོན་མུ་མཐུད་སྤེལ་ནས་ཞིང་དུད་ཀྱི་ཡིད་རྟོན་ཆ་འཕྲིན་འཚོལ་བསྡུ་དང་ཡིག་ཚགས་འཐུས་སྒོ་ཚང་དུ་བཏང་བ་རེད། མིག་སྔའི་བར་གྲོང་ཁྱེར་ཡོངས་སུ་ཡིད་རྟོན་རྫོང་8དང་། ཡིད་རྟོན་ཤང(གྲོང་རྡལ)77 ཡིད་རྟོན་གྲོང་ཚོ་559བཅས་ཞིབ་དཔྱད་གཏན་འཁེལ་བྱས་ནས་ཡིད་རྟོན་ཡིག་ཚགས་བཟོས་པ་དང་འབྲེལ། ཡིད་རྟོན་ཞིང་དུད་ལ་ཞིབ་དཔྱད་གཏན་འཁེལ་བྱས་པའི་དུད་ཚང་ཁྲི་6.66ལྷག་ཙམ་ཟིན་ཡོད། ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པའི་ཡིད་རྟོན་མཛོད་འཛུགས་སྐྱོང་རྒྱུན་མཐུད་ངང་འཐུས་སྒོ་ཚང་དུ་བཏང་ནས་ལྷོ་ཁ་གྲོང་ཁྱེར་གྱི་ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པའི་མིང་ཐོ་821རགས་ཙམ་བཟོས་པ་དང་། རང་སྐྱོང་ལྗོངས་རིམ་པ་དང་ལྷོ་ཁ་གྲོང་ཁྱེར་རིམ་པའི་ཐོན་ལས་སྣེ་འདྲེན་ཁེ་ལས་དང་ཆེད་ལས་ཚོང་དུད་ཆེ་གྲས་9ཡི་ཡིད་རྟོན་ཆ་འཕྲིན་འཚོལ་བསྡུ་དང་ཡིག་ཚགས་བཟོས་པ་རེད།

(ལྷག་ཚེས་བསྒྱུར། མཚམས་གཅོད་ཀྱིས་ཞུས)