《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月29日

“ཀྲུང་གོའི་གསར་གཏོད་གཤོག་ཟུང”ལས་གཏོད་གསར་གཏོད་འགྲན་ཆེན་སྐབས་དྲུག་པའི་བོད་ལྗོངས་འགྲན་ཁུལ་གྱི་འདེམས་སྒྲུག་འགྲན་བསྡུར་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་27ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་དང་། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་མཉམ་དུ་གཉེར་བའི“ཀྲུང་གོའི་གསར་གཏོད་གཤོག་ཟུང”ལས་གཏོད་གསར་གཏོད་འགྲན་ཆེན་སྐབས་དྲུག་པའི་བོད་ལྗོངས་འགྲན་ཁུལ་གྱི་འདེམས་སྒྲུག་འགྲན་བསྡུར་ལྷ་སར་འགོ་ཚུགས་པ་རེད།

ཐེངས་འདིའི་འགྲན་བསྡུར་ཆེན་མོར“དུས་རབས་གསར་པར་གསར་གཏོད་བྱས་ནས་ཀྲུང་གོའི་ཕུགས་འདུན་མཉམ་དུ་སྒྲུབ”ཅེས་པ་བརྗོད་དོན་གཙོ་བོར་བཟུང་སྟེ་འགྲན་ལམ་5དང་ལས་གཏོད་རྣམ་གྲངས་70ལྷག་བཀོད་སྒྲིག་བྱས་པ་རེད།