《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月29日

ལྷ་རྩེ་རྫོང་འཇིགས་སྐྱོབ་གྲོང་ཚོའི་རིག་ལྡན་སྡེ་ཁུལ་གྱི་རྣམ་གྲངས་ཀྱིས།

ས་བབ་མཐོ་བའི་གྲངས་འཛིན་ཀྲུང་གོ་འཛུཌ་སྐྲུན་གྱི་དཔེ་མཚོན་བཏོད་པ།

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། 2024ལོའི་གྲངས་འཛིན་ཀྲུང་གོ་གསར་གཏོད་ཀྱི་འགྲན་བསྡུར་ཆེན་པོ·གྲངས་འཛིན་གྲོང་ཁྱེར་འགྲན་ལམ་གྱི་བྱ་དགའ་སྤྲོད་པའི་མཛད་སྒོ་ཧྥུའུ་ཅན་ཧྥུའུ་ཀྲོའུ་རུ་ཕུན་སུམ་ཚོགས་པོའི་སྒོ་ནས་མཇུག་འགྲིལ་ཞིང་། “གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་འཇིགས་སྐྱོབ་གྲོང་ཚོའི་རིག་ལྡན་སྡེ་ཁུལ་འཛུགས་སྐྲུན་རྣམ་གྲངས་ཀྱི་ཇུས་གཞི”གཟེངས་སུ་ཐོན་ནས“ལོ་འཁོར་གྱི་གྲངས་འཛིན་གྲོང་ཁྱེར་གྱི་གསེར་གྱི་རྟགས་མའི་རྣམ་གྲངས”ཀྱི་བྱ་དགའ་ཐོབ་ཡོད། དེ་ནི་འགྲན་བསྡུར་དེའི་གསེར་གྱི་རྟགས་མ་བོད་ལ་ཐོབ་ཐེངས་དང་པོ་དང་བོད་སྐྱོར་རྣམ་གྲངས་ལ་ཐོབ་ཐེངས་དང་པོ་རེད།

“གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་འཇིགས་སྐྱོབ་གྲོང་ཚོའི་རིག་ལྡན་སྡེ་ཁུལ་འཛུགས་སྐྲུན་རྣམ་གྲངས”ནི་ཧྲང་ཧའེ་ཡི་བོད་སྐྱོར་གྱི་དམངས་འཚོའི་རྣམ་གྲངས་གཙོ་གནད་ཡིན་ལ། འཇིགས་སྐྱོབ་གྲོང་ཚོའི་གྲོང་གསེབ་དར་རྒྱས་འཛུགས་སྐྲུན་རྣམ་གྲངས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་རེད། འཇིགས་སྐྱོབ་གྲོང་ཚོའི་རིག་ལྡན་སྡེ་ཁུལ་དུ་མི་སྣའི་བགྲོད་ལམ་མ་ལག་དང་། རླངས་འཁོར་འཇོག་སའི་དོ་དམ། རིག་ནུས་རླུང་འཕྲིན། རིག་ནུས་མཐོ་བའི་གཞི་གཅིག་ཅན་གྱི་དབྱང་མོ་གྱེས་རྡུལ་ལྟ་ཞིབ་ཚད་ལེན། རྒན་གསོའི་དོ་དམ་ལས་སྟེགས། དྲོད་གཏོང་མ་ལག་སོགས་རིག་ནུས་ཅན་གྱི་མ་ལག་ཆ་ཚང་11བཀོད་སྒྲིག་བྱས་ཡོད་པས། རིག་ལྡན་ཅན་གྱི་དོ་དམ་བརྒྱུད་སྡེ་ཁུལ་གྱི་བདེ་འཇགས་རང་བཞིན་དང་། སྟབས་བདེ་རང་བཞིན། རིག་ནུས་རང་བཞིན། ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་ཆུ་ཚད་ཆེས་ཆེར་མཐོ་རུ་བཏང་ཡོད་པ་རེད།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)

ཧྲང་ཧའེ་གྲོང་ཁྱེར་གྱི་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་པའི་འབྲེལ་གཏུག་ཚོགས་ཆུང་ལྷ་རྩེ་ཚོགས་ཆུང་གི་ཙུའུ་ཀྲང་དང་། ལྷ་རྩེ་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། རྒྱུན་ལས་རྫོང་དཔོན་གཞོན་པ་བཅས་ཡིན་པའི་ཀུང་ཨའེ་རུའུ་ཡིས། འཇིགས་སྐྱོབ་གྲོང་ཚོའི་རིག་ལྡན་སྡེ་ཁུལ་འཛུགས་སྐྲུན་རྣམ་གྲངས་ལས་ས་གནས་དེ་གའི་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་དང་འཕེལ་རྒྱས་ཀྱི་བར་མཐོངས་གཞི་རྩའི་ཆ་ནས་ལེགས་སུ་ཕྱིན་ཏེ“དོན་ཆེན་བཞི”སྔར་བས་དོན་འཁྱོལ་ཡག་པོ་ཡོང་རྒྱུར་ཕན་ཐོགས་ནས“གཞིས་ཆགས་ཐུབ་པ་དང་། ཕྱུག་པོ་ཆགས་ཐུབ་པ། སྐྱེ་ཁམས་སྟོབས་ཆེན། མཐའ་མཚམས་སྲ་བརྟན”བཅས་ཀྱི་དམིགས་ཚད་མངོན་འགྱུར་བྱུང་ཡོད། ཧྲང་ཧའེ་གྲོང་ཁྱེར་བོད་སྐྱོར་ལས་བྱེད་པའི་འབྲེལ་གཏུག་ཚོགས་ཆུང་གིས་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ལ་ཕྱོགས་སྡོམ་བྱས་ནས་གྲོང་ཁྱེར་འཕེལ་རྒྱས་དང་གྲོང་ཁྱེར་འཚོ་བའི་དཀའ་གནད་རྒྱུན་ཆད་མེད་པར་ཐག་གཅོད་བྱས་ཏེ་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་དེ་ས་བབ་མཐོ་བའི་ས་ཁུལ་དུ་ཁྱབ་གདལ་གཏོང་ཆེད་ཧྲང་ཧའེ་བོད་སྐྱོར་གྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་རེད་ཅེས་བརྗོད།

ཤེས་རྟོགས་བྱུང་བར་གཞིགས་ན། གྲངས་འཛིན་ཀྲུང་གོའི་གསར་གཏོད་འགྲན་བསྡུར་ཆེ་མོ་ནི་གྲངས་འཛིན་ཀྲུང་གོའི་འཛུགས་སྐྲུན་དབུ་ཚོགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད། 2024ལོའི་གྲངས་འཛིན་ཀྲུང་གོའི་གསར་གཏོད་འགྲན་བསྡུར་ཆེ་མོ·གྲངས་འཛིན་གྲོང་ཁྱེར་འགྲན་ལམ་གྱིས“གྲངས་འཛིན་རིག་ལྡན་གྲོང་ཁྱེར་དུ་དཔའ་བོ་གཅིག་ཏུ་འདུས། ཀུན་གཏོད་འགྲན་བསྡུར་མཉམ་དུ་འདྲེས”ཞེས་པའི་བརྗོད་དོན་གཙོ་བོར་བྱེད་པ་དང་། “གྲངས་འཛིན་གྲོང་ཁྱེར་གྱིས་མི་དམངས་ལ་ཞབས་འདེགས་ཞུ་བ”དམིགས་ཡུལ་དུ་བྱེད་པ། རྒྱང་ལྟའི་རང་བཞིན་དང་། མི་དམངས་རང་བཞིན། གསར་གཏོད་རང་བཞིན། ཆོག་འཐུས་རང་བཞིན་བཅས་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་བསྡོམས་དཔུང་ཁག་500ལྷག་ཙམ་གྱི་མི་1500ལྷག་ཙམ་འགྲན་བསྡུར་ནང་ཞུགས་པ་དང་། འགྲན་བསྡུར་ནང་ཞུགས་པའི་བརྩམས་ཆོས་གྲོང་ཁྱེར་100ལྷག་ཙམ་ལ་ཁྱབ་ཡོད་པ། གྲངས་འཛིན་གྲོང་ཁྱེར་གྱི་སྣེ་འདྲེན་ཁེ་ལས་དང་གཙོ་གནད་ཁེ་ལས་160ལྷག་ཙམ་གཅིག་འདུས་བྱས་ཡོད།

(བདེ་དབང་དང་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)