ཉེ་ཆར། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་རིག་གནས་ཅུས་ཀྱིས་གཙོ་གཉེར་བྱས་པའི་2024ལོའི་འཕྱོངས་རྒྱས་རྫོང་རིག་གནས་ཁང་གི་ཞབས་ཞུའི་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་འགོ་ཚུགས་པ་རེད། ད་ཐེངས་ཀྱི་རིག་གནས་ཁང་གི་ཞབས་ཞུའི་དྲིལ་བསྒྲགས་གཟའ་འཁོར་བྱེད་སྒོར་འཁྲབ་སྟོན་དང་། འགྲེམས་སྟོན། དཔེ་དེབ་སྤྲོད་པ་སོགས་བྱེད་པའི་དམིགས་ཡུལ་ནི“མི་དམངས་ཀྱི་ཚེ་གང་མཛེས་དཔྱད་སློབ་གསོའི་སློབ་གྲྭའི”འདུ་ཤེས་ལག་བསྟར་བྱས་ཏེ་དེའི་ནང་ཞུགས་མཁན་ཚང་མས་མཛེས་དཔྱད་སློབ་གསོ་དང་ལེན་ཐུབ་པར་བྱས་ནས་རིག་གནས་ཁང་འཕྱོངས་རྒྱས་མི་དམངས་ཀྱི་མཛེས་དཔྱད་ཆུ་ཚད་མཐོ་རུ་གཏོང་བ་དང་བསམ་པའི་འཇིག་རྟེན་ཕུན་སུམ་ཚོགས་སུ་གཏོང་བའི་གནས་གལ་ཆེན་ཞིག་ཏུ་འགྱུར་བར་བྱས་ཤིང་། འདི་ནི་བྱེད་སྒོ་སྤེལ་ཡུལ་ཡིན་པ།