《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年05月28日

ཀོང་པོ་རྒྱ་མདའ་རྫོང་གིས་ཚོད་ལྟའི་རྫོང་གི་སྣེ་ཁྲིད་ནུས་པ་གང་ལེགས་བཏོན་པ།

མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་བཏང་། གྲོང་གསེབ་དར་རྒྱས་ཡོང་བར་འབད།

ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཐུན་མོང་ཕྱུག་འགྱུར་གྱི་དཔེ་སྟོན་ཁུལ་གཏོད་པའི་དམིགས་ཚད་མཐའ་འཁྱོངས་ཀྱིས་ཀོང་པོ་རྒྱ་མདའ་རྫོང་ཚོད་ལྟ་བྱ་ཡུལ་དུ་བྱས་ཏེ། ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་ཀྱི་འཕེལ་རྒྱས་ཐབས་ལམ་གསར་པ་འཚོལ་ཞིབ་བྱེད་པ་དང་། “1+3+3”གྱི་ལས་ཀའི་ལམ་སྲོལ་གསར་གཏོད་བྱས་ཏེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་བཏང་ཡོད། 2023ལོར་ཀོང་པོ་རྒྱ་མདའ་རྫོང་གི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་ཡོང་འབབ་སྒོར་ཁྲི་2455ལྷག་ཙམ་བྱུང་བ་དེ་དུས་མཚུངས་ལས་39.67%འཕར་ཡོད།

ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་གིས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་རྒྱུ་དེ“ཧྲུའུ་ཅིའི་འདུ་འགོད”ལ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་བརྒྱུད་རིམ་ལྡན་པའི་ཐབས་འདོན་ཇུས་འབུལ་བྱེད་རིང་རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་ཧྲུའུ་ཅིའི་འགན་འཁྲི་ནན་དུ་བཏང་ནས།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) རྫོང་རིམ་པའི་འགོ་ཁྲིད་35ཡིས་གྲོང་ཚོ(གྲོང་ལྷན)82ཁག་བགོས་འགན་གཙང་ལེན་པ་དང་། “གྲོང་ཚོ་གཅིག་ལ་བྱ་ཐབས་གཅིག”གི་ཇུས་གཞི་འཐུས་སྒོ་ཚང་དུ་གཏོང་བར་མཛུབ་ཁྲིད་བྱས་ཏེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱས་པ་དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་རྒྱུ་དེ་རིམ་ཁག་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱེད་པའི་ལས་འགན་སྒྲུབ་ཚུལ་གསལ་ཞུ་དཔྱད་མོལ་དང་ལོ་འཁོར་གྱི་དཔྱད་ཞིབ་ཀྱི་ནང་དོན་གལ་ཆེན་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས། གཞུང་ཞབས་པ་དང་བྱ་གཞག་སྒྲིག་ཁོངས་ཀྱི་མི་སྣ་བསྡུ་སྐབས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་བྱས་རྗེས་མངོན་གསལ་དོད་པོ་བཞག་པའི་གྲོང་ཚོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིར་སྔོན་ལ་བསམ་བློ་གཏོང་གི་ཡོད།

དེ་དང་ཆབས་ཅིག“ཏང་འཛུགས་སྐྱོང+ཐོན་ལས་བརྒྱུད་རིམ”འཛུགས་སྐྲུན་བྱ་སྤྱོད་ལག་ལེན་བསྟར་ནས《གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་རྒྱུའི་སྐོར་གྱི་ཀོང་པོ་རྒྱ་མདའ་རྫོང་གི་ལག་བསྟར་བསམ་འཆར》ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཏང་རྩ་འཛུགས་ཀྱིས་གྲོང་ཚོའི་དཔལ་འབྱོར་མཉམ་འབྲེལ་ཁང་82གསར་དུ་འཛུགས་རྒྱུར་སྐུལ་འདེད་བཏང་བ་མ་ཟད། གྲོང་ཚོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གྱིས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་དང་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཀྱི་འགན་འཁུར་བ་བྱས་ནས། འབྲེལ་ཡོད་འགན་འཁུར་བ་སྒྲིག་འཛུགས་ཀྱིས་ལྗོངས་ཕྱིར་རེས་སྐོར་སྦྱོང་བརྡར་ལ་བསྐྱོད་དེ་བསམ་བློ་གསར་པ་དང་། འདུ་ཤེས་གསར་པ། ཐབས་ལམ་གསར་པ་བཅས་ཁོང་དུ་ཆུད་ནས་ཕ་ཡུལ་དུ་ལོག

ཀོང་པོ་རྒྱ་མདའ་རྫོང་གིས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཁེ་ཕན་འབྲེལ་མཐུད་ཀྱི་ལམ་སྲོལ་ལེགས་སྒྲིག་དང་མང་ཚོགས་ཀྱི་ཁེ་སྤོགས་བགོ་ཚད་ལེགས་སྒྲིག་བྱས་ཏེ་སྔོན་ཆད་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ“བགོས་རྗེས་ཁ་ཡ་མ་བྱེད་པའི”སྣང་ཚུལ་གཏན་འགོག་བྱས་ཡོད། མང་ཚོགས་ཀྱི་བསམ་བློར་འགྱུར་ལྡོག་གཏོང་རྒྱུར་ཁྲིད་སྟོན་བྱས་ནས། མང་ཚོགས་སྒྲིག་འཛུགས་ཀྱིས་རྣམ་གྲངས་ཁག་གི་འཛུགས་སྐྲུན་ནང་ཞུགས་སུ་འཇུག་པ་དང་། ངལ་ལས་རང་བཞིན་གྱི་ཡོང་འབབ་མང་དུ་གཏོང་བ། ངལ་ལས་འབྲེལ་མཐུད་ཀྱི་ལམ་སྲོལ་ལེགས་སུ་གཏོང་བ་བཅས་བྱས་ཏེ། མང་ཚོགས་ཀྱི་ཁེ་སྤོགས་བགོ་ཚད་དམའ་རུ་བཏང་ཡང་ཡོང་འབབ་ཉུང་དུ་མི་འགྲོ་བའི་རྨང་གཞིའི་ཐོག་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་རྗེས་མཐུད་འཕེལ་རྒྱས་གཏོང་བའི་མ་དངུལ་འདང་ངེས་བཞག་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི“རང་བརྟེན”ནུས་པ་ཆེ་རུ་བཏང་སྟེ་ཁེ་སྤོགས་རྒྱུན་མཐུད་མང་དུ་གཏོང་ཐབས་བྱས་ཡོད།

2023ལོར། རྫོང་ཡོངས་ཀྱིས་ཁྱོན་མ་དངུལ་སྒོར་ཁྲི་2684ལྷག་ཙམ་བསྡུ་སྒྲིལ་བྱས་ནས་གྲོང་ཚོ་15ཡི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཡོད། རྒྱུན་མཐུད་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་བར་ཤེས་ལྡན་པ་གྲབས་གསོག་བྱ་རྒྱུ་ནི་འགག་རྩ་ཡིན་ཞིང་། 2023ལོར་ཀོང་པོ་རྒྱ་མདའ་རྫོང་གིས་དམག་ཞབས་ཐིམ་པའི་དམག་མི་དང་། ཕ་ཡུལ་དུ་ལོག་པའི་སློབ་གྲྭ་ཆེ་མོ་བ། ཕྱུག་འགྱུར་སྣེ་ཁྲིད་པ། གྲོང་གསེབ་དར་རྒྱས་གཏོང་མཁན་གྱི་ཆེད་བསྐོས་མི་སྣ་བཅས་ཀྱི་ཁྲོད་ནས་ཁྱོན་རྗེས་གྲབས་ལས་བྱེད་པ་246དང་། རང་ཡུལ་གྱི་རིགས་གཅིག་མཁས་ཅན་121 རྩལ་ནུས་ཤེས་ལྡན་པ་626བཅས་འདེམས་སྒྲུག་དང་གསོ་སྐྱོང་བྱས་ཡོད། དེ་དང་ཆབས་ཅིག་རྫོང་ཚོང་དོན་ཅུས་དང་མི་སྤྱི་ཅུས་དང་མཉམ་འབྲེལ་བྱས་ནས། གྲོང་གསེབ་ཡུལ་སྐོར་དང་། འདེབས་འཛུགས་གསོ་ཚགས། དྲ་ཐོག་ཚོང་དོན། རང་བརྟེན་ལས་གཏོད་སོགས་ཐད་ཀྱི་རྩལ་ནུས་གསོ་སྦྱོང་ཐེངས་37གཉེར་ཏེ་མི་1511ལ་ཕན་པ་ཐོབ་ནས་མ་དངུལ་དང་ཤེས་ལྡན་པའི་འགན་ལེན་སྔར་བས་ལེགས་སུ་ཕྱིན་ཡོད།

གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་བཏང་ནས་གྲོང་གསེབ་དར་རྒྱས་ལ་འདེགས་སྐྱོར་བྱེད་པ་དང་། ལྷག་པར་དུ་མང་ཚོགས་ཀྱི་ལམ་ཕྱོགས་མཐའ་འཁྱོངས་ཀྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་དོན་འཁྱོལ་བྱས་ཏེ། མང་ཚོགས་ལ་ཡིད་ཆེས་དང་། མང་ཚོགས་སྐུལ་སློང་། མང་ཚོགས་ལ་བརྟེན་པ་བཅས་བྱས་ནས་ལས་ཀའི་ཤུགས་རྒྱག་ས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་། ཁོར་ཡུག་ལེགས་བཅོས། དམངས་འཚོ་འགན་ལེན། དམངས་ཕྱུག་འབབ་འཕར་བཅས་ཀྱི་ཐོག་ཏུ་བཞག་སྟེ་མང་ཚོགས་ཚོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པར་བྱས་ཡོད།

2023ལོར་ཀོང་པོ་རྒྱ་མདའ་རྫོང་གིས་བྲག་གསུམ་མཚོའི་རྒྱལ་ཁབ་ཡུལ་སྐོར་སྤྲོ་གསེང་ཁུལ་སྐྲུན་པར་བརྟེན་ནས“མཚོ་གཅིག་དང་གླིང་གཅིག”གི་ཡུལ་སྐོར་བྱེད་སྟངས་ལས་ཚད་བརྒལ་ཡོང་བར་བྱས་ཏེ། ཡུལ་སྐོར་ལམ་ཐིག་མཚོ་མགོ་གྲོང་ཚོ་བར་སྣུར་བསྲིང་བྱས་པ་དང་། གྲོང་ཚོའི་མང་ཚོགས་ཀྱི་གྲོང་མིའི་བེད་མེད་དུ་ལུས་པའི་སྡོད་ཁང་གི་ཐོག་སོ་གཉིས་པ་གང་ལེགས་སྤྱད་པ། མིན་ཧྲན་མཚོ་མགོའི་ཁྱིམ་ཚང་མགྲོན་ཁང་བསྐྲུན་པ་བཅས་བྱས་ཏེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་སྒོར་ཁྲི་180ཡི་འབབ་འཕར་བརྟན་པོ་བྱུང་ཡོད།

ཀོང་པོ་རྒྱ་མདའ་རྫོང་གིས་འཛམ་གླིང་རིམ་པའི་ནུས་རྒྱུ་གཙང་མའི་རྟེན་གཞི་གཏོད་རྒྱུའི་དམིགས་ཚད་ལ་དམ་པོར་དམིགས་ནས། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་རྒྱ་སྐྱེད་ཧུར་ཐག་གཏོང་བ་དང་། ཀྲུང་གོ་ཀོང་ཏུང་ཉིང་རྡུལ་ནུས་རྒྱུ་གསར་པ་ཀུང་སིས་གསུམ་མདོ་གྲོང་ཚོར་ཚོད་ལྟའི་འོད་ཤུགས་རྣམ་གྲངས་ལག་ལེན་བསྟར་རོགས་ལ་གདན་དྲངས་ཡོད། རྣམ་གྲངས་ཀྱིས་ས་ཞིང་བརྒྱུད་བཤུག་གཏོང་སྟངས་བརྒྱུད་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་ལོ་རེར་འབབ་འཕར་སྒོར་ཁྲི་20ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད།

(པད་ཆོས་ཀྱིས་བསྒྱུར། ལྷག་ཚེས་ཞུས)