《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月27日

རིག་རྩལ་དང་བླངས་ཞབས་ཞུ་ལས་མི་སེམས་དྲོ་བའི་སྟོབས་ཤུགས་ ལྷག་པར་མངོན།

འདི་ནི་ཡིག་གཟུགས་མཁས་ཅན་གྱིས་ཡིག་གཟུགས་བརྩམས་ཆོས་བྲི་བཞིན་པ།

འདི་ནི་པར་ལེན་མཁས་ཅན་གྱིས་མང་ཚོགས་ལ་རིན་མེད་ངང་ཕྱེད་པར་རྒྱག་བཞིན་པ།

ཟླ་5ཚེས་23ཉིན། བོད་ལྗོངས་རིག་རྩལ་དང་བླངས་པས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་སུ་དང་བླངས་ཞབས་འདེགས་ཞུས་པ་རེད། བྱེད་སྒོ་སྤེལ་ཡུལ་དུ་བོད་ལྗོངས་ཧ་ཧུ་གཞས་མ་གཏམ་ཚོགས་པ་དང་ཆུ་ཤུར་རྫོང་སྒྱུ་རྩལ་ཚོགས་པས་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ལ་རིག་རྩལ་འཁྲབ་སྟོན་བྱས་པ་དང་། བོད་ལྗོངས་ཡིག་གཟུགས་མཁས་ཅན་མཐུན་ཚོགས་ཀྱི་ཡིག་གཟུགས་མཁས་ཅན་ཚོས་ས་ཆ་དངོས་སུ་མི་རྣམས་ཀྱི་རེ་བ་ལྟར་ཡིག་གཟུགས་བརྩམས་ཆོས་རབ་དང་རིམ་པ་བྲིས་པ། བོད་ལྗོངས་པར་ལེན་མཁས་ཅན་མཐུན་ཚོགས་ཀྱི་པར་ལེན་མཁས་ཅན་ཚོས་མི་རྣམས་ལ་བློ་ཡིད་ཚིམ་པའི་ཕྱེད་པར་དང་དྲན་རྟེན་མཉམ་པར་བརྒྱབ་པ་མ་ཟད། ད་དུང་ས་ཆ་དངོས་སུ་པར་བཤུས་ནས་དྲན་རྟེན་ལ་སྤྲད་པ་རེད།