《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年05月26日

ཇའི་རིག་གནས་འཕེལ་རྒྱས་ཀྱི་ཚ་རླབས་གསར་པ་འཕྱུར་བ།

ཀྲུང་གོ་ནི་ཇའི་ཕ་ཡུལ་ཡིན་ལ། ཧྥུའུ་ཅན་ནི་ཇ་ཐོན་སྐྱེད་ཞིང་ཆེན་ཆེ་གྲས་ཤིག་ཡིན། ཉེ་བའི་ལོ་ཤས་རིང་། ཧྥུའུ་ཅན་གྱི་ཇའི་ལས་རིགས་གཉེར་ཁོངས་ཀྱིས་ཇའི་རིག་གནས་དང་། ཇའི་ཐོན་ལས། ཇའི་ཚན་རྩལ་བཅས་སྐོར་གྱི་བགྲོ་གླེང་དང་། སྤེལ་རེས། ཞིབ་འཇུག་བཅས་རྒྱུན་མཐུད་བྱས་ནས། དེ་གསུམ་མཉམ་དུ་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་བྱས་པ་རེད།

ཧྥུའུ་ཅན་གྱི་ཇའི་ཐོན་ལས་དེ་རིག་གནས་ཡུལ་སྐོར་དང་། བཟའ་བཏུང་། བདེ་ཐང་ཆེ་མོ་བཅས་མཉམ་འདྲེས་མགྱོགས་མྱུར་བྱས་ནས་བཏུང་ཇ་རིགས་གསར་པ་དང་། ཇའི་ཞིམ་ཟས། ཇའི་གཞིས་ཀ་སོགས་ཐོན་རྫས་གསར་པ་དང་ལས་རྣམ་གསར་པ་དར་ནས། ཇའི་རིག་གནས་ཀྱི་གཞི་རྒྱུ་གསར་པ་གྲུབ་བཞིན་ཡོད་པ་དང་། ད་ཆ། ཀྲུང་གོའི་གནའ་བོའི་ཇའི་རིག་གནས་དེ་དམངས་ཚོགས་ཀྱི་འཚོ་བ་དང་མཉམ་འདྲེས་བྱུང་ནས་འཕེལ་རྒྱས་ཀྱི་ཚ་རླབས་གསར་པ་ཞིག་འཕྱུར་བཞིན་ཡོད།

(མི་དམངས་ཉིན་རེའི་ཚགས་པར་ནས་བརྒྱུད་འགོད་བྱས་པ)

􀲔 “ཧྥུའུ་ཅན་ཨན་ཤིས་ཐིའེ་ཀོན་དབྱིན་ཇའི་རིག་གནས་མ་ལག”ནི་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་ཁས་ལེན་གཏན་འཁེལ་བྱས་པའི་གོ་ལ་ཧྲིལ་པོའི་ཞིང་ལས་རིག་གནས་ཤུལ་བཞག་གལ་ཆེན་ཞིག་ཡིན་ཞིང་། འདི་ནི་དབྱི་ཐ་ལིའི་རོ་མ་གྲོང་ཁྱེར་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་སྤྱི་ཁྱབ་པུའུ་རུ་ཧྥུའུ་ཅན་ཨན་ཤིས་ཐིའེ་ཀོན་དབྱིན་ཇའི་རིག་གནས་མ་ལག་གི་འཐུས་ཚབ་ཀྱིས་ཇའི་སྒྱུ་རྩལ་ངོམ་བཞིན་པ།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཅིན་མཱ་མེང་ཉི་ཡིས་པར་བརྒྱབ།

􀲔 འདི་ནི་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཏིང་གྲོང་ཁྱེར་གྱི་ཇ་ལས་ཀུང་སི་ཞིག་གི་བཟོ་པས་རང་འགུལ་ཅན་གྱི་ཐོན་སྐྱེད་ལས་རིམ་ཐོག་ཇ་ལོ་ལས་སྣོན་བྱེད་བཞིན་པ།

ཝང་དབང་དབང་གིས་པར་བརྒྱབ་པ།

􀲔 འདི་ནི་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་ཁང་དུ་སློབ་ཆུང་སློབ་མ་ཞིག་གིས་མེ་ཏོག་མོ་ལིའི་བཏུང་ཇ་བཟོ་སྟངས་སྦྱོང་བཞིན་པ།

ཞེ་ཀུའེ་མིང་གིས་པར་བརྒྱབ་པ།

ཝང་དབང་དབང་གིས་པར་བརྒྱབ་པ།

􀲔 འདི་ནི་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཏིང་གྲོང་ཁྱེར་ཆན་ཆི་གྲོང་རྡལ་ཞའོ་ཡུའེ་གྲོང་ཚོའི་ལས་བཟོ་ཚོས་ཇ་དཀར་བསིལ་སྐམ་གཏོང་བྱེད་བཞིན་པ།

􀲔 འདི་ནི་ཧྥུའུ་ཅན་ཞིང་ཆེན་ཀྲང་ཕིང་གྲོང་ཁྱེར་ལུའེ་ཧྥང་གྲོང་ཚོའི་རི་མཐོའི་ཇ་ར་ཞིག་ཏུ་དམར་མདངས་བཀྲ་བའི་མེ་ཏོག་དབྱིན་ཧྭ་དང་ལྗང་ཐིང་ཐིང་གི་ཇ་ཤིང་སྡོང་པོ་གཅིག་ལ་གཅིག་བརྒྱན་གྱི་རྣམ་པ་མངོན་པ། ཀྲུའུ་ཧའེ་ཕེང་གིས་པར་བརྒྱབ་པ།

➝ འདི་ནི་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཏིང་གྲོང་ཁྱེར་ཏཱ་ཕིང་གྲོང་ཚོས་ངོ་མཚར་དྲུག་ལྡན་ཇ་དཀར་གཞིས་ཀའི་ཇའི་རིག་གནས་དང་ཡུལ་སྐོར་ཟུང་འབྲེལ་བྱས་པའི་ཡུལ་སྐོར་སྤྲོ་གསེང་རྣམ་གྲངས“ཀྲུང་གོའི་ཇ་དཀར་རོང”གི་ཟུར་ཞིག་ཡིན་པ།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལིན་ཧྲན་ཁྲོན་གྱིས་པར་བརྒྱབ།

􀲔 འདི་ནི་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་ཅིན་ཨན་མཚེའུ་སྤྱི་གླིང་དུ་གྲོང་མི་ཚོ་མཚེའུ་འགྲམ་དུ་བསྡད་དེ་ཇ་འཐུང་ཞོར་དུ་ཅི་འཕྲོས་མོལ་འཕྲོས་བྱེད་བཞིན་པ།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཅང་ཁེ་ཧུང་གིས་པར་བརྒྱབ་པ།

􀲔 འདི་ནི་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་ཏུང་པེ་ཐོག་བརྩེགས་ཁང་ཆེན་ནང་གི་ཁྲུན་ལུན་ITEAMOཇའི་བར་མཐོངས་ཡིན་པ།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལིན་ཧྲན་ཁྲོན་གྱིས་པར་བརྒྱབ།