《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年05月26日

ནགས་གསེབ་དཔལ་འབྱོར་འཕེལ་རྒྱས་བཏང་། “ནགས་ཚལ་འབྲུ་མཛོད”རྒྱ་ཆེར་ཕྱིན།

ལོ་མང་རིང་། ཧྥུའུ་ཅན་ཞིང་ཆེན་གྱིས་ཚན་རིག་དང་མཐུན་པའི་སྒོ་ནས་ནགས་ཚལ་གྱི་ལངས་གཟུགས་བར་མཐོངས་བེད་སྤྱད་དེ། ནགས་གསེབ་དཔལ་འབྱོར་འཕེལ་རྒྱས་བཏང་ནས“ནགས་ཚལ་འབྲུ་མཛོད”རྒྱུན་མཐུད་རྒྱ་ཆེ་རུ་བཏང་ཡོད། ཧྥུའུ་ཅན་ཞིང་ཆེན་གྱི་ནགས་ཚལ་རྒྱ་ཁྱོན་མུའུ་དུང་ཕྱུར་1.21དང་ནགས་ཚལ་ཁེབས་ཚད་65.12%ཟིན་ཞིང་། 2023ལོར་ཞིང་ཆེན་ཡོངས་ཀྱི་ནགས་གསེབ་དཔལ་འབྱོར་བེད་སྤྱད་པའི་རྒྱ་ཁྱོན་མུའུ་ཁྲི་3000ལྷག་ཙམ་དང་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་800ལྷག་ཙམ་ལས་བརྒལ་ཡོད།

འདི་ནི་ཡུལ་མིས་ཉིང་ཏེ་གྲོང་ཁྱེར་ཀུའུ་ཐན་རྫོང་ཨན་ཧྥ(ཀུའུ་ཐན)སྐྱེ་ཁམས་གླིང་གི་ནགས་གསེབ་འདེབས་འཛུགས་རྟེན་གཞིར་ངལ་རྩོལ་བྱེད་བཞིན་པ།