《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月24日

ཆུ་གསུམ་རྫོང་གིས་གྲོང་གསེབ་ཏུ་ལྷ་མོ་སྐོར་ འཁྲབ་ཀྱི་བྱེད་སྒོ་མུ་མཐུད་སྤེལ་བ།

འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ཉེ་དུས། ཆུ་གསུམ་རྫོང་རིག་གནས་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་། རྫོང་རིག་གནས་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་དང་། ཆུ་གསུམ་གྲོང་རྡལ། ཆུ་མདོ་རྒྱ་ཤང་བཅས་ཀྱིས་གཉེར་འགན་འཁུར་བའི“གྲོང་གསེབ་ཏུ་ལྷ་མོ་སྐོར་འཁྲབ”ཀྱི་བྱེད་སྒོ་མུ་མཐུད་སྤེལ་བ་རེད།

ཆུ་གསུམ་རྫོང་གི་ལྷ་མོའི་རུ་ཁག་2དང་བྲོའི་རུ་ཁག་2ཀྱིས་ཁོངས་གཏོགས་ཁུལ་གྱི་གྲོང་ཚོ་ཁག་ཏུ་བསྐྱོད་ནས། ངོ་མཚར་ཆེ་བའི་མངོན་མིན་རིག་གནས་ཤུལ་བཞག་སྟེ་ལྷ་མོའི་འཁྲབ་གཞུང《གཟུགས་ཀྱི་ཉི་མ》སོགས་མང་ཚོགས་ཚོར་འཁྲབ་སྟོན་བྱས་པ་རེད།

གོང་སྟོད་གྲོང་ཚོར་གྲོང་མི་ཚོས་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་ཏེ། གྲོང་མི་ཁྱིམ་མཚེས་ཚང་མས་རྐུབ་བཀྱག་འཁྱེར་ནས་སྲོལ་རྒྱུན་གྱི་ལྷ་མོའི་འཁྲབ་སྟོན་ལྟ་བར་འོང་། ཤག་ལྷོ་གྲོང་ཚོའི་བགྲེས་སོང་ཚོས་ལྷ་མོ་ལྟ་རྒྱུར་ཧ་ཅང་དགའ་པོ་ཡོད། ལྷ་མོའི་རུ་ཁག་གིས་གྲོང་ཚོའི་ནང་འཁྲབ་སྟོན་བྱས་ནས་ང་ཚོའི་བསམ་བློ་རིག་གནས་ཀྱི་དགོས་མཁོ་དངོས་སྐོང་ཐུབ་ཀྱི་འདུག སླད་ཕྱིན་གྲོང་ཚོའི་ནང་རིག་གནས་འཁྲབ་སྟོན་སྔར་བས་མང་བ་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད།

ད་ཐེངས་ཀྱི་བྱེད་སྒོའི་ནང་སྐོར་འཁྲབ་ཐེངས་10ལྷག་ཙམ་བྱས་པར་མི་ཐེངས་1500ཟིན་པ་དང་རྗེས་སུ་མུ་མཐུད་སྐོར་འཁྲབ་བྱ་རྒྱུ་རེད།