འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་གློག་འཕྲིན་འབྱོར་གསལ། ཉེ་དུས། ཆབ་མདོ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་རི་བོ་ཆེ་རྫོང་མི་དམངས་ཞིབ་དཔྱོད་ཁང་དང་མཉམ་དུ“ཆུ་དཔོན་དང་མཚོ་དཔོན+ཅན་ཁྲ་ཀྲང”གི་མཐུན་སྦྱོར་ལམ་སྲོལ་ལ་བརྟེན་ནས། གཞི་གཅིག་ཅན་གྱི་གྱོད་སྒྲུབ་ལེགས་ཆ་སྤྱོད་པ་དང་། “གཙང་པོར་སྐོར་ཞིབ+གྱོད་སྒྲུབ”ཀྱི་ལས་ཀའི་བྱེད་ཐབས་སྤྱོད་པ། གོང་འོག་མཉམ་སྒུལ་བཅས་བྱས་ནས། ཞིབ་དཔྱོད་སྤྱི་ཕན་གཏུག་བཤེར་ལ་བརྟེན་ནས་འཛི་ཆུའི་སྐྱེ་ཁམས་བདེ་འཇགས་བསྲུངས་པ་རེད།
གཙང་པོར་སྐོར་ཞིབ་བྱས་ནས་ཤེས་རྟོགས་བྱུང་བའི་སྤྱི་ཕན་གཏུག་བཤེར་གྱོད་གཞིའི་ཁུངས་སྣེར་དམིགས་ནས། ཞིབ་དཔྱོད་ལས་བྱེད་ཉེན་རྟོག་པས་ས་གནས་ས་ཐོག་ཏུ་དབྱེ་ཞིབ་དང་ཞིབ་གཅོད་ཀྱིས། ཞིབ་དཔྱོད་སྤྱི་ཕན་གྱི་གཏུག་བཤེར་གྱོད་གཞིའི་ཆ་རྐྱེན་དང་འཚམ་རིགས་ལ་ཁྲིམས་ལྟར་གྱོད་དོན་ཐོ་འགོད་དང་བརྟག་དཔྱད་བྱས་ཡོད། ད་ཐེངས་ཀྱི་གཙང་པོར་སྐོར་ཞིབ་བྱས་པ་བརྒྱུད་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྱོན་འཛི་ཆུའི་སྐྱེ་ཁམས་སྲུང་སྐྱོང་དང་འབྲེལ་བའི་གནད་དོན་ཁག་12ཤེས་རྟོགས་ཐུབ་པ་དང་། སྲིད་འཛིན་གྱི་སྤྱི་ཕན་གཏུག་བཤེར་ཁག་5གྱོད་དོན་ཐོ་འགོད་བྱས་པ། སྲིད་འཛིན་ལས་ཁུངས་ལ་གཏུག་བཤེར་གོང་གི་ཞིབ་དཔྱོད་བསམ་འཆར་ཁག་2བཏོན་ཡོད་པ་རེད།