《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月24日

གྲོང་གསེབ་ཀྱི་སློབ་ཆུང་དུ་མངོན་མིན་རིག་གནས་ཤུལ་བཞག་གི་སློབ་ཚན་ཚོགས་འགོ་བཙུགས་པ།

← འདི་ལོའི་དཔྱིད་ཀའི་སློབ་དུས་ནས་བཟུང་། ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་ཝུའུ་ཤིང་མཐོ་གསར་ཁུལ་གྱི་ཐའེ་ཧུའུ་སློབ་ཆུང་གིས་ཐའེ་ཧུའུ་གྲུ་ཁའི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་ཁྱད་ཆོས་སུ་བྱས་པའི་རིག་ཚན་བརྒལ་བའི་རྣམ་གྲངས་ཅན་གྱི་སློབ་ཚན་བཀོད་སྒྲིག་བྱས་པས་སློབ་མ་ཚོའི་སློབ་གསེང་གི་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་པ་དང་། སློབ་མ་ཚོ་ཁྱད་ལྡན་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་ངལ་རྩོལ་གྱི་བྱང་ཚད་གསོ་སྐྱོང་ལ་ཧུར་ཐག་ཞུགས་ཏེ་སློབ་མའི་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བར་ཁྲིད་སྟོན་ཐུབ་ཡོད། འདི་ནི་ཐའེ་ཧུའུ་སློབ་ཆུང་གི་སློབ་མ་ཚོས་ཁྱད་ལྡན་སློབ་ཚན་ཐོག་ལྔ་པའི་ཚེས་ལྔའི“ཡེ་རྩྭའི་འཕུར་མཉེད་ཡོ་བྱད”བཟོ་སྟངས་སྦྱོང་བཞིན་པ།