《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月24日

འདི་ལོའི་ཟླ་5པ་ནི་རྒྱལ་ཡོངས་ཀྱི“དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་ཟླ་བ”ཐེངས་བཞི་པ་དེ་རེད། མང་ཚོགས་ཀྱི་ཁྲིམས་སྐྱོང་རིག་གནས་ཀྱི་འཚོ་བ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་ནས་སྤྱི་དམངས་ཀྱི་ཁྲིམས་སྐྱོང་གི་འདུ་ཤེས་དང་ཁྲིམས་སྐྱོང་གི་བྱང་ཚད་མཐོ་རུ་གཏོང་ཆེད། ཉེ་ཆར། གཞིས་རྩེ་གྲོང་ཁྱེར་གྱིས་དམངས་དོན་ཁྲིམས་གཞུང་གི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ཁྱབ་གདལ་དང་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས། མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་བྱེད་སྟངས་སྤྱད་དེ་བཅའ་ཁྲིམས་ཀྱི་ཤེས་བྱ་བརྒྱུད་སྤེལ་དང་། ཁྲིམས་སྐྱོང་གི་འདུ་ཤེས་སྐྱེད་སྲིང་། ཁྲིམས་སྐྱོང་གི་སྙིང་སྟོབས་དར་སྤེལ། ཁྲིམས་སྐྱོང་གི་རྣམ་པ་བཏོད་པ་བཅས་བྱས་ཤིང་། འདི་ནི་གཞིས་རྩེ་གྲོང་ཁྱེར་གྱི་2024ལོའི“དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་ཟླ་བའི”ཁྲིམས་སྐྱོང་རིག་རྩལ་འཁྲབ་སྟོན་བྱ་ཡུལ་ཡིན་པ།