འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། གསར་འགོད་པས“བོད་རང་སྐྱོང་ལྗོངས་སྲུང་སྐར་རྒྱང་ཚོར་དང་བཀོལ་སྤྱོད་གཙོ་གནད་ཚོད་ལྟ་ཁང”འཛུགས་སྐྲུན་སྐུལ་འདེད་དང་རིག་གཞུང་བགྲོ་གླེང་ཚོགས་འདུའི་ཚོགས་འདུ་ཐེངས་དང་པོའི་ཐོག་ནས་ཤེས་རྟོགས་བྱུང་བར། ཚེས་20ཉིན་རང་སྐྱོང་ལྗོངས་སྲུང་སྐར་རྒྱང་ཚོར་དང་བཀོལ་སྤྱོད་གཙོ་གནད་ཚོད་ལྟ་ཁང(གཤམ་དུ“གཙོ་གནད་ཚོད་ལྟ་ཁང”ཞེས་བསྡུ་རྒྱུ)དངོས་སུ་བཙུགས་པ་རེད།
གཙོ་གནད་ཚོད་ལྟ་ཁང་བཙུགས་པ་དེ་ནི་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་ཐིང་སོགས་རིམ་ཁག་གཙོ་གཉེར་སྡེ་ཚན་གྱི་རྒྱབ་སྐྱོར་ཤུགས་ཆེན་འོག་ཀྲུང་གོ་ཚན་རིག་ཁང་ས་ཁམས་ཚན་རིག་དང་ཐོན་ཁུངས་ཞིབ་འཇུག་ཁང་རྒྱབ་རྟེན་ཚན་པར་བྱེད་པ་དང་། ཀྲུང་གོ་ཐོན་ཁུངས་སྲུང་སྐར་བཀོལ་སྤྱོད་ལྟེ་གནས་དང་།
(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) ཀྲུང་གོ་རྩ་བཞི་ཐིག་རིས་ལག་རྩལ་ཚད་ཡོད་ཀུང་སི། བོད་ལྗོངས་ཉིང་སོན་ཚན་རྩལ་ཚོགས་པ་ཚད་ཡོད་ཀུང་སི། ལྷོ་ནུབ་རྡོ་སྣུམ་སློབ་ཆེན་སོགས་ཀྱི་ཚན་པ་ཐུན་མོང་གི་འཛུགས་སྐྲུན་ཚན་པར་བྱས་ནས་འགོ་འཛུགས་ས་མཐོ་བ་དང་ཚད་གཞི་མཐོ་བའི་རྩ་དོན་གཞིར་བཟུང་བཙུགས་པའི་རང་སྐྱོང་ལྗོངས་ཀྱི་གཙོ་གནད་ཚོད་ལྟ་ཁང་ཞིག་རེད།
རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི་ཐིང་ཀྲང་གཞོན་པ་མཱ་པིང་ཀང་གིས། “ད་ཐེངས་ཀྱི་འཛུགས་སྐྲུན་སྐུལ་སྤེལ་ཚོགས་འདུ་འཚོགས་པ་དེ་ཐོག་ནས་ཚོད་ལྟ་ཁང་གི་འཛུགས་སྐྲུན་དངོས་སུ་འཁོར་སྐྱོད་ཀྱི་དུས་མཚམས་སུ་སླེབས་པར་མཚོན་གྱི་ཡོད། ཀྲུང་གོ་ཚན་རིག་ཁང་ས་ཁམས་ཚན་རིག་དང་ཐོན་ཁུངས་ཞིབ་འཇུག་ཁང་གིས་རྒྱབ་རྟེན་སྡེ་ཚན་གྱི་འགན་འཁྲི་གཙོ་བོ་འདོན་སྤེལ་གང་ལེགས་བྱས་ཏེ་མཉམ་སྐྲུན་ཚན་པ་ཁག་དང་མཉམ་དུ་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་གལ་ཆེན་ཁག་གཅིག་བཏོད་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚན་རྩལ་གྱི་འདེགས་སྐྱོར་ནུས་ལྡན་བྱ་རྒྱུའི་རེ་བ་ཡོད”ཅེས་བཤད།
(རིག་རྡོར་གྱིས་བསྒྱུར། བསོད་བདེ་གཞོན་པས་ཞུས)