འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་ཧུའེ་ཀྲོའུ་ཟམ་ཆེན་འཛུགས་སྐྲུན་རྣམ་གྲངས་ཀྱི་ཨར་ལས་བྱ་ཡུལ་ནས་ཤེས་རྟོགས་བྱུང་བར། ཀོང་ཏུང་ཞིང་ཆེན་ཧུའེ་ཀྲོའུ་གྲོང་ཁྱེར་གྱིས་སྐྲུན་རོགས་བྱས་པའི་སྣང་རྫོང་གི་ཧུའེ་ཀྲོའུ་ཟམ་ཆེན་མིག་སྔར་འཛུགས་སྐྲུན་ལེགས་སྒྲུབ་བྱེད་ཚད་78%ཟིན་པ་དང་སྔོན་དཔག་བྱས་ན་འདི་ལོའི་ཟླ་བ་7པར་ཟམ་སྣེ་མཐུད་རྒྱུ་ཡིན་པ་རེད།
སྣང་རྫོང་ཧུའེ་ཀྲོའུ་ཟམ་ཆེན་འཛུགས་སྐྲུན་རྣམ་གྲངས་དེ་སྣང་རྫོང་གི་རྫོང་གྲོང་འཆར་འགོད་ས་ཁོངས་ཀྱི་དབུས་རྒྱུད་དུ་གནས་པ་དང་དེ་ནི་སྣང་རྫོང་གི“གྲོང་ཁྱེར་གཅིག་དང་ཡུག་ཁུལ་བཞིའི”འཕེལ་རྒྱས་ཀྱི་མཚམས་ཚིགས་གལ་ཆེན་ཞིག་ཡིན། དེས་གཙང་ལྷོའི་གྲོང་གསར་དང་འོད་ཟེར་ཁུལ་གསར་འབྲེལ་མཐུད་བྱེད་པ་དང་ཡར་ཀླུང་གཙང་པོ་འཕྲེད་བརྒལ་བྱས་ནས་རིང་ཚད་ཡོངས་ལ་སྨི་500ལྷག་ཙམ་ཡོད་པ་རེད། བསྐྲུན་རྗེས་གཙང་ལྷོའི་གྲོང་གསར་གྱི་རྗེས་མཐུད་གསར་སྤེལ་འཛུགས་སྐྲུན་ལ་ཕན་འདོགས་པ་དང་། (པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) འོད་ཟེར་ཁུལ་གསར་དང་གཙང་ལྷོའི་གྲོང་གསར་འཆར་འགོད་འཕེལ་རྒྱས་སྤྱི་འདོམས་བྱ་རྒྱུར་ཕན་འདོགས་པ། མང་ཚོགས་ཀྱི་འགྲོ་སྐྱོད་ཆ་རྐྱེན་སྔར་བས་ལེགས་སུ་འགྲོ་བ། རྫོང་གྲོང་གི་སྤྱི་ཡོངས་ཀྱི་གཟུགས་བརྙན་ལེགས་སུ་འགྲོ་བ། རྫོང་ཁོངས་ཀྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བཅས་ཐུབ་རྒྱུ་རེད།
རྣམ་གྲངས་དེ་ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པའི་སྣང་རྫོང(ཧུའེ་ཀྲོའུ)ལས་དོན་ཚོགས་ཆུང་གིས་རོགས་སྐྲུན་བྱས་པ་དང་། རྣམ་གྲངས་ལ་མ་དངུལ་བསྡོམས་འབོར་སྒོར་ཁྲི་6500བཏང་བ། ཀྲུང་གོ་འགྲིམ་འགྲུལ་ཚོགས་པ་གཞུང་ལམ་ཅུས་དང་པོའི་ལས་གྲྭ་ཚད་ཡོད་ཀུང་སི་གཉིས་པས་སྐྲུན་འགན་འཁུར་བ་ཞིག་རེད།